གསར་འགོད་པས་པྲོག་གསར་གློ་ཚད་རིམས་འགོག་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ4པའི་ཚེས3ཉིན་ནས་བཟུང་། གྲོང་ཁྱེར་ཡོངས་སུ་གཏན་ཁེལ་ནད་དཔེ35བྱུང་ལ། ནད་རྟགས་མེད་པའི་ནད་པ48བྱུང་བ་དང་། གཏན་ཁེལ་བྱེད་ཐུབ་མེད་པའི་ནད་པ19བྱུང་ཡོད། སྟོབས་ཤུགས་ཡོད་རྒུས་སྨན་བཅོས་བྱ་བ་ལེགས་པོར་སྒྲུབ་ཆེད་། ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་ཆེད་མཁས་ཚོ་ཆུང་གིས་རོགས་སྒྲུབ་ཚད་མེད་བྱས་ཏེ། ཚན་རིག་དང་ཚད་ལྡན་ངང་སྨན་བཅོས་བྱས། སྨན་བཅོས་མྱུར་སྐྱོབ་བྱེད་པའི་བརྒྱུད་རིམ་ཁྲོད། “མི་གཅིག་ལ་བཅོ་ཐབས་གཅིག་དང་། མི་གཅིག་ལ་ཡིག་ཚགས་གཅིག”གི་བྱེད་ཐབས་དང་། ཀྲུང་ཕྱི་མཉམ་འབྲེལ་སོགས་ཕྱོགས་བསྡུས་ཀྱི་སྨན་བཅོས་བྱེད་ཐབས་ལག་བསྟར་བྱས་ཏེ། ནད་པ་རེ་རེར་སྨན་བཅོས་གནད་དུ་ཐིངས་པ་བྱས་ནས་སྔ་མོ་ནས་བདེ་ཐང་ཡོང་བར་འགན་སྲུང་བྱས།
རྒྱལ་ཁབ་ཀྱི《པྲོག་གསར་གློ་ཚད་ནད་དུག་སྨན་བཅོས་བྱེད་ཐབས(ཚོད་ལྟ་ཨང་དགུ་བ)》ཀྱི་ལོགས་བཀར་དོ་དམ་ལས་གྲོལ་བ་དང་སྨན་ཁང་ནས་འབུད་པའི་ཚད་གཞི་གཞིར་བཟུང་ནས། ཟླ4པའི་ཚེས20ཉིན་གྱི་ཆུ་ཚོད18སྟེང་། གཏན་ཁེལ་ནད་དཔེ11སྨན་ཁང་ནས་བུད་པ་དང་། ནད་རྟགས་མེད་པའི་ནད་པ23གསོ་རིག་ལོགས་བཀར་ལྟ་ཞིབ་ལས་གྲོལ་ལ། ལྷག་མའི་མི་གཞན་དག་གི་གནས་ཚུལ་ལེགས་པོ་རེད།