ཚེས19ཉིན་གྱི་ཉིང་སྐྱུར་བརྟག་འབྲས།
2022.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

གསར་འགོད་པས་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན།  ཟླ4པའི་ཚེས20ཉིན་གྱི་ཆུ་ཚོད16དང་སྐར་མ20སྟེང་།  ཟི་ལིང་གྲོང་ཁྱེར་གྱིས་བསྡོམས་པས་མི་ས་ཡ་གཅིག་དང་འབུམ་བཞི་ཁྲི་དྲུག་སྟོང་བདུན་གྱི་ཉིང་སྐྱུར་མ་དཔེ་ཚད་ལེན་གྱིས་བརྟག་དཔྱད་བྱས།

དེ་ལས་མཁར་དཀྱིལ་ས་ཁུལ་དང་མཁར་ནུབ་ས་ཁུལ། མཁར་བྱང་ས་ཁུལ་བཅས་སུ་ཉིང་སྐྱུར་བརྟག་དཔྱད་ཐེངས་བཞི་བ་བྱས་པའི་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།

མཁར་ཤར་ས་ཁུལ་དུ་ཉིང་སྐྱུར་བརྟག་དཔྱད་ཐེངས་བདུན་པ་བྱས་པའི་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།

མཁར་ཤར་ས་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་ཁྲོད་མཇུག་འབྲས་གདགས་གཤིས་ཅན19བྱུང་བ་དང་། (གཏན་འཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད།) དེ་ལས་གཞན་ཚང་མའི་བརྟག་འབྲས་སྲིབ་གཤིས་རེད།