གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ4པའི་ཚེས21ཉིན་གྱི་དུས་ཚོད9བར་དུ། ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་གྱི་ས་ཁོངས་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་བརྒྱད་པའི་ཁྲོད། བསྡོམས་པས་མི་འབུམ་བཞི་དང་སྟོང་བདུན་བདུན་བརྒྱ་གོ་བདུན་གྱི་ཉིང་སྐྱུར་མ་དཔེར་ཚད་ལེན་བརྟག་དཔྱད་བྱས་པ་དང་། ཚང་མའི་མཇུག་འབྲས་སྲིབ་གཤིས་རེད་ཟེར།