ནད་རྟགས་མེད་པའི་ནད་པ4གཏན་ཁེལ་ནད་དཔེར་ངོས་བཟུང་།
2022.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ4པའི་ཚེས21ཉིན། གསར་འགོད་པས་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ནད་རྟགས་མེད་པའི་ནད་པ4སྨན་བཅོས་བྱེད་པའི་གོ་རིམ་ཁྲོད་ནད་རྟགས་བྱུང་བས། པྲོག་གསར་གློ་ཚད་གཏན་ཁེལ་ནད་དཔེ་རུ་ངོས་བཟུང་བ་དང་། ཚང་མའི་ནད་ཡང་མོ་རེད།

དེ་ལས། གཏན་ཁེལ་ནད་དཔེ36—39པའི་བར་ནི།  ཟླ4པའི་ཚེས21ཉིན་གྱི་བརྡ་ཁྱབ་ཨང57པ་ལས་བསྒྲགས་པའི་ནད་རྟགས་མེད་པའི་ནད་པ54པ་དང55པ། 56པ། 65པ་བཅས་ཡིན། གོང་གསལ་གཏན་ཁེལ་ནད་དཔེ་བཞི་པོར་སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་བྱེད་བཞིན་ཡོད།