མཁར་དཀྱིལ་མཁར་ནུབ་མཁར་བྱང་གི་ཉིང་སྐྱུར་བརྟག་ཐེངས་ལྔ་པའི་མཇུག་འབྲས་སྲིབ་གཤིས་རེད།
2022.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཟླ4པའི་ཚེས22ཉིན་གྱི་དུས་ཚོད10དང་སྐར་མ30བར་དུ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དང་། མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཐེངས་ལྔ་པའི་ཁྲོད། བསྡོམས་པས་མི་ས་ཡ་གཅིག་དང་ཁྲི་ལྔ་སྟོང་དྲུག་བརྒྱ་ཐམ་པའི་ཉིང་སྐྱུར་མ་དཔེ་བླངས་པ་དང་། མི་ས་ཡ་གཅིག་དང་ཁྲི་ལྔ་སྟོང་དྲུག་བརྒྱ་ཐམ་པའི་ཉིང་སྐྱུར་ལ་བརྟག་དཔྱད་བྱས་ཚར་ཞིང་། བརྟག་དཔྱད་ཀྱི་མཇུག་འབྲས་ཚང་མ་སྲིབ་གཤིས་རེད།