ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་གྱི་ཆུ་ཚོད་ཐིག་ནས་ཚེས་ཉེར་དྲུག་ཉིན་གྱི་ཆུ་ཚོད་ཉེར་བཞིའི་བར། ཟི་ལིང་དཔལ་འབྱོར་ལག་རྩལ་འདོན་སྤེལ་ཁུལ་ཏུང་ཁྲོན་བཟོ་ལས་གླིང་མ་འདུས་པའི་ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ཁུལ་ལ་མུ་མཐུད་དུ་ཉིན་བཞིའི་རིང་འཇགས་རྣམ་དོ་དམ་བྱ་རྒྱུ་ཡིན་པར་མ་ཟད། ཚེས་ཉེར་བཞི་དང་ཚེས་ཉེར་དྲུག་ཉིན་གཉིས་ལ་ས་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱ་རྒྱུ་ཡིན་ལ། ཉིན་རེའི་བརྟག་དཔྱད་བྱེད་པའི་དུས་ཚོད་སྔ་དྲོའི་དུས་ཚོད་དགུ་ནས་ཕྱི་དྲོའི་དུས་ཚོད་བཞི་དང་ཕྱེད་ཀའི་བར་རེད།
མི་ཕམ་མགོན་པོས་བསྒྱུར།