གཏམ་བཟང་། ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས་སོང་།
2022.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ4པའི་ཚེས23ཉིན་གྱི་སྔ་དྲོར། འཛམ་གླིང་མཆོང་རྒྱུག་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་སྐོར་འགྲན(གསེར་རིམ་འགྲན་སྡུར)དེ། སི་ལོ་ཧྥ་ཁི་རྒྱལ་ཁབ་ཀྱི་ཏུའུ་ཏིན་ཞི་རུ་སྤེལ་ཞིང་། སྐྱེས་མའི་སྤྱི་ལེ35ཡི་རྟིང་རྩོད་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ཀྱིས་དུས་ཚོད2:43:06ཡི་གྲུབ་འབྲས་ཀྱིས་ཨང་དང་པོ་བླངས། འདི་ནི་འགྲན་རྣམ་འདིའི་ཁྲོད་མོས་བླངས་པའི་ཆེས་བཟང་པའི་གྲུབ་འབྲས་རེད།