མཚོ་སྔོན་གྱིས་དཀའ་ཁག་ཅན་གྱི་ལས་བཟོ་བར་རོགས་སྐྱོར་བྱེད་པའི་བྲེལ་མྱུར་བརྡ་སྦྱོར་སྤེལ།
2022.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རིམས་ནད་བྱུང་བའི་སྐབས་ཀྱི་དཀའ་ཁག་ཅན་གྱི་ལས་བཟོ་བ་དང་གཙོ་གནད་མི་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར་སྤེལ།

བརྡ་སྦྱོར་ནང་བསྟན་དོན། མིག་སྔར་སྐོར་འདིའི་རིམས་ནད་ཀྱིས་རྒྱ་ཆེའི་ལས་བཟོ་བའི་ཐོན་སྐྱེད་འཚོ་བའི་ཐད་གནོད་པ་ཆེན་པོ་ཐེབས་པ་དང་། ལྷག་པར་དུ་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་གྲོང་ཁྱེར་གྱི་ཞིང་བ་ཞོར་ལས་པ། གྲོང་ཁྱེར་གྱི་ཡོང་སྒོ་དམའ་བའི་མི་སྣ། བུད་མེད་ལས་བཟོ་བ་སོགས་མི་ཚོགས་དཀའ་ཁག་ཅུང་ཆེན་པོ་འཕྲད་ཡོད། བརྡ་སྦྱོར་ནང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མྱུར་དུ་འགུལ་སྐྱོད་བྱས་ནས། རིགས་མི་འདྲ་བའི་རོགས་སྐྱོར་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། གཅིག་ནས་གནས་སྐབས་ཀྱི་དཀའ་ཁག་རོགས་སྐྱོར་ཁ་པར་འཛུགས་པ་དང་། གཉིས་ནས་གནས་སྐབས་ཀྱི་དཀའ་ཁག་རོགས་སྐྱོར་རྐྱེན་སྲོལ་འཛུགས་པ། གསུམ་ནས་གཙོ་གནད་དཀའ་ཁག་མི་ཚོགས་ལ་དོ་སྣང་བྱེད་པ། བཞི་ནས་བྱ་བའི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་བར་དོ་སྣང་བྱེད་དགོས་པའི་རེ་བ་བཏོན།