ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་སུམ་བརྒྱ་དང་ཞེ་གཉིས་ཀྱིས་དངོས་བོ་དང་མ་དངུལ་ཞལ་འདེབས་སུ་ཕུལ་ནས་རིམས་ནད་འགོག་སྡོམ་ཐད་ལ་རོགས་འདེགས་བྱས།
2022.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་པའི་གནས་ཚུལ་ལྟར་ན། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཚོང་ལས་མཐུན་ཚོགས་དང་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་ཐབས་ལམ་མང་པོ་དང་རྣམ་པ་གང་ལ་བརྟེན་ནས་རིམས་ནད་འགོག་སྡོམ་ལ་རོགས་འདེགས་བྱས་པ་དང་། དཀའ་ཁག་མཉམ་སེལ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་བར་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་སུམ་བརྒྱ་དང་ཞེ་གཉིས་ཀྱིས་བསྡོམས་པས་དངོས་བོ་དང་མ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་དགུ་ལྷག་ཞལ་འདེབས་སུ་ཕུལ།

རིམས་ནད་བྱུང་རྗེས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་དང་ཚོང་ལས་མཐུན་ཚོགས་དང་དམངས་གཉེར་ཁེ་ལས་སོ་སོར་གཞོགས་འདེགས་དམ་པོ་བྱེད་པ་དང་རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་དུ་ཞུགས་པ། སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པའི་གྲོས་འགོ་བཏོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་དུས་ཐོག་ཏུ་འགུལ་སྐྱོད་སྤེལ་ཞིང་འགན་འཁྲི་དང་ལེན་བྱས་ནས་དངོས་བོ་དང་སྒོར་མོ་ཞལ་འདེབས་སུ་ཕུལ་བ་དང་། དམངས་གཉེར་ཁེ་ལས་པ་དང་བླངས་ཞབས་ཞུའི་ཁྲོད་ཞུགས་པ་དང་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སོ་སྲུང་རོགས་རེས་དང་དཀའ་ངལ་མཉམ་སེལ་གྱི་རིམས་འགོག་ཁག་ཁུར་དང་ལེན་བྱས།

རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་འགོག་སྡོམ་ནི་འགན་འཁྲི་ཡིན། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་བཤད་དོན། ཧུར་ཐག་སྒོས་རིམས་ནད་འགོག་སྡོམ་ལ་གཞོགས་འདེགས་བྱེད་པ་དང་དེའི་ཁྲོད་དུ་ཞུགས་པ་ནི་ཁེ་ལས་ཀྱི་འགན་འཁྲི་དང་འོས་འགན་ཡིན་པ་དང་། ཁེ་ལས་པའི་ཁག་ཁུར་ཡང་ཡིན། ཤུགས་ཆེན་པོས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་ཧུར་ཐག་སྒོས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་ནས། རིམས་ནད་ལ་འགོག་རྒོལ་བྱེད་པར་མི་ཤུགས་དང་རིག་ཤུགས། དངོས་ཤུགས་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པ་དང་མཉམ་དུ་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། ཚོང་ལས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཐོན་ལས་ཕྲེང་འབྲེལ་གྱི་མཉམ་སྤྱོད་ཤུགས་ཚད་ཇེ་ཆེར་བཏང་ནས། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་དགོས།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།