རང་ཞིང་གིས་རོང་འབྲོག་ཁུལ་གྱི་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།
2022.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནོར་སྲིད་མ་དངུལ་གྱི་བཀོལ་སྤྱོད་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ཞིང་གི་རོང་འབྲོག་ཁུལ་གྱི་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་ཆ་མི་ཚང་བ་དང་དངོས་ཟོག་སྐྱེལ་འདྲེན་ཐོན་ཁུངས་ཁ་ཐོར་ཡིན་པ། དངོས་ཟོག་སྐྱེལ་འདྲེན་གྱི་དུས་ཚོད་རིང་བ། མ་རྩ་མཐོ་བ་སོགས་ཀྱི་དཀའ་ཁག་ཐག་གཅོད་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་མ་དངུལ་གྱི་འགན་སྲུང་ལ་ཤུགས་སྣོན་པའི་ཕྱོགས་གཉིས་ནས་ཐབས་བཟང་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།

སྲིད་ཇུས་ཀྱི་མ་ལག་རྒྱུན་མ་ཆད་པར་ཇེ་ལེགས་སུ་གཏོང་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ། ཞིང་ཆེན་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་། ཞིང་ཆེན་སྦྲགས་སྲིད་ཀུང་ཟི་སོགས་སྡེ་ཁག་དང་མཉམ་དུ། རོང་འབྲོག་ཁུལ་གྱི་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཇུས་གཞི་སྒྲིག་བཟོ་དང་འགྲེམ་སྤེལ་བྱས། ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ། ད་ཡོད་ཀྱི་དངོས་ཟོག་སྐྱེལ་འདྲེན་མཛོད་ཉར་དབྱེ་སྤྲོད་ལྟེ་གནས་རྫོང་ཁོངས་ཀྱི་མྱུར་སྐྱེལ་ཐོན་ཁུངས་སུ་མཉམ་བསྲེས་བྱས་པའི་ཚད་བརྒྱ་ཆའི་བརྒྱད་ཅུ་ཡས་མས་སུ་སླེབས་པ་དང་། གྲོང་སྡེའི་ས་ཚིགས་མང་པོ་གཅིག་བསྡུས་བྱས་པའི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བ། རྫོང་ཁོངས་ཀྱི་མྱུར་སྐྱེལ་དངོས་ཟོག་གི་ཆ་སྙོམས་ཀྱི་རིན་གོང༢༠༢༡ལོ་དང་བསྡུར་ན་བརྒྱ་ཆའི་བཅོ་ལྔས་ཇེ་དམའ་རུ་གཏོང་བ། སྐྱེལ་འདྲེན་དུས་ཡུན་ཇེ་ཐུང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས།

རྒྱུན་མཐུད་ངང་མ་དངུལ་གྱི་འགན་སྲུང་ལ་ཤུགས་སྣོན་ཆེད། མིག་སྔའི་བར་དུ། ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བདུན་བཀོད་སྒྲིག་བྱས་པ་དང་། མ་དངུལ་དེ་དག་གཙོ་བོར་ཆ་རྐྱེན་དང་མཐུན་པའི་རྫོང་དུ་དངོས་ཟོག་སྐྱེལ་འདྲེན་གྱི་མཛོད་ཉར་དབྱེ་སྤྲོད་ལྟེ་གནས་འཛུགས་པ་དང་། རྫོང་ཁོངས་ཀྱི་གློག་ཚོང་དང་སྦྲགས་སྲིད། མྱུར་སྐྱེལ་ཁེ་ལས་རིན་མ་བླངས་པར་བཅའ་སྡོད་བྱེད་པར་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་བཀོལ།