རང་ཞིང་གིས་དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོབ་འགུལ་སྐྱོད་སྤེལ་ནས་གྲུབ་འབྲས་བཟང་བོ་བླངས།
2022.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ན་ནིང་གི་དགུན་ཁ་དང་ད་ལོའི་དཔྱིད་ཀར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཁོངས་གཏོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོབ་འགུལ་སྐྱོད་སྤེལ་ནས། འཁྱམ་པོ་དང་སློང་མོ་བ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་པ་འགན་སྲུང་བྱས།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་བར། ཞིང་ཆེན་ཡོངས་སུ་བསྡོམས་པས་འཁྱམ་པོ་དང་སློང་མོ་བ་མི་ཐེངས་སྟོང་གསུམ་དང་སུམ་བརྒྱ་སོ་དགུ་ལ་རོགས་སྐྱོབ་བྱས་ཤིང་། གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ས་སོ་གསུམ་དང་ཁ་ལ་སློབ་སྟོན་བྱེད་ས་དང་བློ་འདྲི་བྱེད་ས་ཉིས་བརྒྱ་དང་བདུན་ཅུ་བཙུགས་པ་དང་། སྲང་ལམ་དུ་སྐོར་ཞིབ་ཐེངས་སྟོང་གཉིས་དང་བརྒྱད་བརྒྱ་དོན་གཅིག་དང་དགོང་མོར་སྐོར་ཞིབ་ཐེངས་སྟོང་གཅིག་དང་ཉིས་བརྒྱ་ཞེ་གཉིས་བྱས་པ། སྐོར་ཞིབ་བྱ་བ་སྒྲུབ་པར་མི་ཐེངས་སྟོང་ལྔ་དང་སུམ་བརྒྱ་དོན་བདུན་མངག་པ་དང་ཆེད་སྤྱོད་རོགས་སྐྱོབ་རླངས་འཁོར་ཐེངས་སྟོང་གཅིག་དང་ལྔ་བརྒྱ་དོན་བཞི་ལ་མངག་པ། མྱུར་མཁོའི་ཟས་རིགས་དང་དགུན་ལྭ། རིམས་འགོག་དངོས་རྫས་སོགས་བྱིན་པར་མ་ཟད་དྲིལ་སྒྲོག་རྒྱུ་ཆ་ཁྲི་གཅིག་ལྷག་བཀྲམས་པ་དང་། མི་སོ་བརྒྱད་ལ་སྨན་བཅོས་མྱུར་སྐྱོབ་བྱས་པ། ཕྱིར་ཕ་ཡུལ་དུ་ལོག་པའི་མི་སྣ་ཉིས་བརྒྱ་དང་གྱ་དགུ་ལ་སྣེ་ལེན་དང་སྐྱེལ་མ་བྱས་པས་ཧ་ཅང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་དྲ་རྒྱ་ཇེ་བརྟན་དུ་བཏང་།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།