ཡུའུ་ཧྲུའུ་ཁུལ་གྱིས་འཇོན་མི་གསོ་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དུ་བཏང་།
2022.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ད་ལོར་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་འཇོན་མི་གསོ་སྐྱོང་ཐད་གཙིགས་ཆེན་དང་དམ་འཛིན་བྱས་ཏེ། མུ་མཐུད་དུ་གྲོང་གསེབ་དར་སྤེལ་དང་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏང་ནས་སློབ་ཆེན་སློབ་མས་ལས་གཉེར་ལས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། གྲོབ་གསེབ་དར་སྤེལ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ཡུའུ་ཧྲུའུ་ཁུལ་གྱི་ལས་གཉེར་རྣམ་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་མི་འདང་སར་ཁ་གཏད་དེ་ཡུའུ་ཧྲུའུ་ཁུལ་གྲོང་གསེབ་དར་སྤེལ་གྱི་བློ་གྲོས་འདེགས་སྐྱོར་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་གྲོང་གསེབ་དར་སྤེལ་གྱི་འདེགས་སྐྱོར་བྱ་བར་གཅིག་གྱུར་བཀོད་འདོམས་དང་དོ་དམ་བྱས། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིའི་གྲོང་གསེབ་དར་སྤེལ་གྱི་བློ་གྲོས་འདེགས་སྐྱོར་བྱ་བའི་ཆེད་དོན་འཛིན་གྲྭས་ལས་རིགས་གཞོགས་འདེགས་ཐད་སྲིད་གཞུང་གི་ཁྲིད་སྟོན་དང་ཚོང་རའི་གཙོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། ཚོང་རའི་འཇོན་མི་བཀོད་གཏོང་ཕྱོགས་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་ཁྲོད་ཀྱི་རིགས་སོ་སོའི་འཇོན་མིས་གྲོང་གསེབ་དར་སྤེལ་ཐད་སྟོབས་ཤུགས་འདོན་པར་སྣེ་ཁྲིད་བྱེད་པ་དང་གཙོ་བོར་ལས་རིགས་ཀྱི་འགན་ནུས་བརྒྱད་འགན་ཁུར་བ་དང་དེའི་ནུས་པ་འདོན་སྤེལ་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།