ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་རིམས་ནད་འགོག་སྡོམ་དང་དངོས་ཟོག་གཙོ་བོའི་གེགས་མེད་སྐྱེལ་འདྲེན་ལ་ཁྱོན་ཡོངས་ནས་གཅིག་གྱུར་འཆར་འགོད་བྱས་པ་དང་། རིམས་ནད་བརྒྱུད་མཆེད་ཀྱི་ལམ་བུ་གཅོད་པ་དང་གཞུང་ལམ་དང་འགྲིམ་འགྲུལ། དྲ་རྒྱ་གསུམ་མི་ཆད་པར་བྱེད་པའི་སྤྱི་ཁོག་གི་རེ་བ་ལག་བསྟར་ནན་མོ་བྱས་ལ། རིམས་འགོག་སྐབས་ཀྱི་བགྲོད་ལམ་འགོག་སྡོམ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་འགན་སྲུང་བྱས།
ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲལ་བསྟུན་དངོས་ཟོག་བརྒྱུད་སྐྱེལ་བཟང་བོ་བྱེད་པ་སོགས་ཕྱོགས་བརྒྱད་ཐད་ནས་བྱེ་བྲག་གི་བྱེད་ཐབས་ཉེར་གཅིག་བཏོན་ནས། ཚོང་ཟོག་སྐྱེལ་འདྲེན་དང་ལྷག་པར་དུ་སྨན་བཅོས་དངོས་ཟོག ཐོན་སྐྱེད་ཐད་ཀྱི་ངེས་མཁོ་དངོས་ཟོག་སོགས་སྐྱེལ་འདྲེན་གེགས་མེད་བྱེད་པར་ཤུགས་ཡོད་འགན་སྲུང་བྱས། ལས་རིགས་ཀྱི་རིམས་ནད་འགོག་སྡོམ་དང་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་འགན་སྲུང་། ལས་གཞི་གཙོ་བོའི་དངུལ་གཏོང་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད་དང་ཁྲིམས་འགལ་ཚོང་གཉེར་སྤྱོད་ཚུལ་ལ་རྡུང་རྡེག་བྱེད་པ། ཨང་རིས་གཉིས་དང་ཞིབ་བཤེར་གཅིག་གི་བརྟག་དཔྱད་ཁུལ་གྱི་གཙང་དག་བཅོས་སྐྱོང་སོགས་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཚོང་སྐྱེལ་རླངས་འཁོར་ཆེན་པོའི་ཁ་ལོ་བ་དང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ། ཞིང་བ་ཞོར་ལས་པ་བཅས་ལ་དོ་སྣང་བྱས་པ་དང་། ཁྲིམས་ལྟར་འགལ་རྩོད་གནད་དོན་དང་ལུགས་མཐུན་གྱི་ཞུ་གཏུག་ཁྲིམས་ལྟར་ཐག་གཅོད་བྱས། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཀྱི་རིམས་ནད་འགོག་སྡོམ་དང་དངོས་ཟོག་གེགས་མེད་སྐྱེལ་འདྲེན་ལ་ཆེད་དོན་ལྟ་སྐུལ་བྱས་པ་དང་། ཨང་རིས་གཉིས་དང་ཞིབ་བཤེར་གཅིག་གི་བརྟག་དཔྱད་ཁུལ་ཚད་ལྡན་ངང་འཛུགས་པ་དང་ཉིང་སྐྱུར་བརྟག་དཔྱད་བྱེད་ས་ཇེ་མང་དུ་གཏོང་བ། ལམ་ཁེགས་པ། དངོས་ཟོག་གཙོ་བོའི་སྐྱེལ་འདྲེན་དང་སྦྲགས་སྲིད་མྱུར་སྐྱེལ། ལས་ཞུགས་མི་སྣའི་ཞབས་ཞུ་འགན་སྲུང་བཅས་ཀྱི་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ། ལམ་རྒྱུད་ཀྱི་ཁོངས་གཏོགས་ས་ཆའི་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣན་ནས། གཞུང་ལམ་གྱི་ཤར་བགྲོད་ལས་ཆོད་ཇེ་མཐོར་བཏང་།
རིན་ཆེན་མཚོས་བསྒྱུར།