ཟི་ལིང་གི་པྲོག་གསར་གློ་ཚད་གཏན་ཁེལ་ནད་པ18སྨན་ཁང་ནས་བུད།
2022.04.28 ཁུངས། ཀློག་གྲངས། 26

ཟི་ལིང་གི་པྲོག་གསར་གློ་ཚད་གཏན་ཁེལ་ནད་པ18སྨན་ཁང་ནས་ཕྱིར་བུད་པ་དང་། ནད་རྟགས་མེད་པའི་ནད་པ37ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག

ཟླ4བའི་ཚེས27ཉིན། གསར་འགོད་པས་པྲོག་གསར་གློ་ཚད་རིམས་འགོག་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི《པྲོག་གསར་གློ་ཚད་ནད་དུག་སྨན་བཅོས་བྱེད་ཐབས(ཚོད་ལྟ་ཨང་དགུ་བ)》འི་ལོགས་བཀར་དོ་དམ་ལས་གྲོལ་བ་དང་སྨན་ཁང་ནས་འབུད་པའི་ཚད་གཞི་གཞིར་བཟུང་སྟེ། ཟླ4བའི་ཚེས27ཉིན་གྱི་ཆུ་ཚོད15བར་གྲོང་ཁྱེར་ཡོངས་སུ་པྲོག་གསར་གདགས་གཤིས་ཅན124ཡོད་ལ། ད་སྔ་སྨན་ཁང་ན་སྨན་བཅོས་བྱེད་བཞིན་པ་ནད་པ69ཡོད་ལ། དེའི་ནང་གཏན་ཁེལ་ནད་པ41དང་། ནད་རྟགས་མེད་པའི་ནད་པ28ཡོད། གཏན་ཁེལ་ནད་པ18སྨན་ཁང་ནས་ཕྱིར་བུད་པ་དང་། ནད་རྟགས་མེད་པའི་ནད་པ37གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག

གཞན་ཡང་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཟི་ལིང་གྲོང་ཁྱེར་གྱི་ནད་རྟགས་མེད་པའི་ནད་པ1ནད་རྟགས་གཏན་ཁེལ་ནད་པར་ངོས་བཟུང་བ་དང་། གཏན་ཁེལ་ནད་པ་59པ་དེ་ཟླ4ཚེས26ཉིན་བཏང་པའི་བརྡ་ཁྱབ་ཨང70པའི་ནང་གི་ནད་རྟགས་མེད་པའི་ནད་པ80པ་ཡིན་ཞིང་། སྨན་བཅོས་བྱེད་སྐབས་ནད་རྟགས་བྱུང་པས་གཏན་ཁེལ་ནད་པར་ངོས་འཛིན་བྱས།