ཟི་ལིང་དུ་བསྟུད་མར་ཉིན་གསུམ་རིང་པྲོག་གསར་གློ་ཚད་ནད་དུག་གི་ནད་པ་གསར་བ་བྱུང་མེད།
2022.04.29 ཁུངས། ཀློག་གྲངས། 8

གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ4པའི་ཚེས28ཉིན། མཁར་ཤར་ཁུལ་གྱི་བཀག་སྡོམ་ཁུལ་དང་། འཛིན་སྡོམ་ཁུལ། (འགོག་ཟོན་ཁུལ་མི་འདུ)དང་གཙོ་གནད་གཅིག་བསྡུས་དོ་དམ་ཚོད་འཛིན་མི་ཚོགས་ཀྱི་མ་དཔེ་ཁྲི་གཅིག་སྟོང་བཞི་ཉིས་བརྒྱ་གྱ་གཅིག་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་མཇུག་འབྲས་ཚང་མ་སྲིབ་གཤིས་རེད། ཟླ4པའི་ཚེས26ཉིན་གྱི་ཆུ་ཚོད0ནས་ཟླ4པའི་ཚེས28ཉིན་གྱི་ཆུ་ཚོད24བར། གྲོང་ཁྱེར་ཡོངས་སུ་བསྟུད་མར་ཉིན་གསུམ་ལ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་གདགས་གཤིས་ཡིན་པའི་ནད་པ་གསར་བ་བྱུང་མེད།