ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།​(ཨང75པ)
2022.04.30 ཁུངས། ཟི་ལིང་དགོང་དྲོའི་ཚགས་པར། ཀློག་གྲངས། 30

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།ཨང75པ

ཕྱི་ནས་ནང་དུ་འཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འགོག་པའི་སྤྱིའི་ཐབས་ཇུས་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་ལམ་ཕྱོགས་ལག་བསྟར་མཐར་འཁྱོལ་བྱ་ཆེད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་ལེགས་པོར་བྱེད་པ་དང་། རིམས་ནད་ཁྱབ་རྒྱ་ཆེན་པོའི་ངང་ཕྱིར་མི་འཕར་བའི་བྱ་བའི་རེ་བ་ནན་སྲུང་བྱེད་པ་ལག་བསྟར་དཔྱིས་ཕྱིན་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་གནས་བབ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་། ཆེད་མཁས་པས་ཕྱོགས་བསྡུས་དཔྱད་དཔག་བྱས་པ་བརྒྱུད། གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡིས2022ལོའི་ཟླ4པའི་ཚེས30ཉིན་གྱི་ཆུ་ཚོད0ནས་བཟུང་། མཁར་ཤར་ཁུལ་གྱི་འཇགས་རྣམ་དོ་དམ་བྱེད་ཐབས་མེད་པར་བཟོས་པ་ཐག་བཅད་པ་ཡིན་ལ། རིམ་པ་བཞིན་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་གོ་རིམ་སླར་གསོ་བྱེད་དགོས། འབྲེལ་ཡོད་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག མཁར་ཤར་ཁུལ་གྱི་སྲིད་འཛིན་ཁུལ་དབྱེ་བའི་ཕྱིའི་འགྲིམ་འགྲུལ་བཀག་སྡོམ་ཚོད་འཛིན་བྱས་པ་གློད་པ་ཡིན་ལ། མི་སྣའི་འགྲོ་འོང་རྒྱུན་ལྡན་དུ་བཏང་ཡོད་པ་དང་། གཞིས་ཁུལ(སྡེ་བ)དུ་འགྲོ་འོང་བྱེད་དུས་ལུས་ཀྱི་དྲོད་ཚད་ངེས་པར་བརྟག་དགོས་ལ། ཁ་ཐུམ་ལེགས་པོར་རྒྱག་དགོས་ཤིང་། བཤེར་རིས་གཉིས་ངེས་པར་དུ་བཤེར་དགོས།

གཉིས། གོ་རིམ་ལྡན་པའི་ངང་སྤྱི་སྤྱོད་རླངས་འཁོར་དང་གླ་འཁོར་ལས་གཉེར་བྱས་ཆོག་ལ། སྤྱི་སྤྱོད་རླངས་འཁོར་ཀུང་ཟི་དང་གླ་འཁོར་ཀུང་ཟིས་དུས་ཐོག་ཏུ་སྤྱི་སྤྱོད་འཁོར་སྐྱོད་དང་སྤྱི་སྤྱོད་རླངས་འཁོར། ཡུལ་སྐོར་རླངས་འཁོར་ལམ་ཐིག་སླར་གསོ་བྱ་དགོས་ལ། འགྲུལ་སྐྱེལ་རླངས་འཁོར་ལས་གཉེར་ལམ་ཐིག་སླར་གསོ་བྱ་ཆོག  ཁ་ལོ་བས་ངེས་པར་དུ་ཉིན་གཉིས་རེར་ཐེངས་གཅིག་ལ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་ལ། མགོ་མཇུག་བར་གསུམ་དུ་ཁ་ཐུམ་ལེགས་པོར་རྒྱག་དགོས་པ་དང་། རླངས་འཁོར་ནང་ཉིན་རེར་དུག་སེལ་ཐེངས་གཉིས་ལ་བྱ་དགོས། མི་རྣམས་གླ་འཁོར་ལ་འདུག་དུས་ཁ་ཐུམ་ལེགས་པོར་རྒྱག་དགོས་ཤིང་། རླངས་འཁོར་དུ་འདུག་དུས་བཤེར་རིས་བཤེར་དགོས།

རིམས་འགོག་བྱེད་ཐབས་གཞན་དག་ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ་ཨང73པ་ལྟར་ལག་བསྟར་བྱ་དགོས།

མིག་སྔར། མཁར་ཤར་ཁུལ་གྱི་རིམས་འགོག་གནས་ཚུལ་སྤྱིའི་ཆ་ནས་བརྟན་བརླིང་དང་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། རིམས་ནད་གནས་ཚུལ་སྦ་གསང་འགོ་ཁྱབ་དང་ཕྱི་ནས་ནང་ལ་འགོ་བའི་ཉེན་ཁ་ཆེ་བས། མཁར་ཤར་གྱི་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་མུ་མཐུད་དུ་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏང་ནས། འབྲེལ་ཡོད་གཏན་འབེབས་བརྩི་སྲུང་གིས་མཉམ་གཅིག་ཏུ་ལས་སླ་བོ་མིན་པའི་རིམས་འགོག་གྲུབ་འབྲས་སྲུང་བ་དང་། གྲོང་ཁྱེར་ཡོངས་རིམས་འགོག་དམག་འཐབ་ལས་རྒྱལ་བར་བྱས་རྗེས་འཇོག་དགོས།