མིག་སྔར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་ཆེད། ཉེ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གཞི་རིམ་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་སྟེགས་བུའི་ཞབས་ཞུའི་ཕྱོགས་སྟོན་འགྲེམ་སྤེལ་བྱས་ཏེ། གཞི་རིམ་གྱི་བྱེད་སྒོ་སྒྲུབ་པའི་བྱ་བའི་ཚད་ལྡན་རང་བཞིན་དང་ཡང་དག་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། ཞིང་ཆེན་ཡོངས་སུ་སྔར་ལས་ཕན་ནུས་མཐོ་ཞིང་སྟབས་བདེ་ཡིན་པའི་སྤྱི་ཐུན་ལས་ཞུགས་ལས་སྤེལ་ཞབས་ཞུའི་མ་ལག་གསར་སྐྲུན་བྱས།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྤྱི་ཐུན་ལས་ཞུགས་ལས་སྤེལ་ཞབས་ཞུའི་རིགས་ཆེན་བཅུ་དང་བྱེ་བྲག་གི་དོན་དག་ཉེར་བཞི་ལ་དམིགས་ཏེ། ཁྱོན་ཡོངས་གཅིག་གྱུར་བྱེད་པ་དང་ལས་ཞུགས་ཐོ་འགོད་དང་ལས་ཤོར་ཐོ་འགོད། ལས་རིགས་མཚམས་སྦྱོར། ལས་རིགས་མཛུབ་སྟོན། རྩལ་ནུས་གསོ་སྐྱོང་སོགས་ཚད་གཞི་ཅན་གྱི་ཞབས་ཞུའི་གོ་རིམ་གཏན་འཁེལ་གསལ་བོ་བྱས་པ་དང་ཚད་ལྡན་དུ་བཏང་བར་མ་ཟད། རིམ་པ་སོ་སོའི་དོན་སྒྲུབ་ལས་ཁུངས་ཀྱིས་བྱེད་སྒོ་སྒྲུབ་པའི་ཐད་ལ་བྱ་བའི་རེ་བ་བཏོན་ནས། མང་ཚོགས་ཀྱིས་དོན་དག་སྒྲུབ་པའི་མྱོང་ཚོར་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་།
བཀྲ་ཤིས་འབུམ་གྱིས་བསྒྱུར།