ཟི་ལིང་དུ་བསྟུད་མར་ཉིན་བདུན་རིང་ལ་པྲོག་གསར་གློ་ཚད་ཀྱི་ནད་པ་གསར་བ་གཅིག་ཀྱང་མ་བྱུང་།
2022.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་ནས་ཟླ་ལྔ་པའི་ཚེས་གཉིས་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་བར་ལ། ཟི་ལིང་དུ་བསྟུད་མར་ཉིན་བདུན་རིང་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པའི་ནད་པ་གསར་བ་གཅིག་ཀྱང་མ་བྱུང་།

གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། རྒྱ་ཆེའི་སྡོད་དམངས་རྣམས་དགོས་གལ་མི་ཆེ་ན་ཟི་ལིང་གྲོང་ཁྱེར་གྱི་ཕྱི་རུ་མི་འགྲོ་བ་དང་ཞིང་ཆེན་གྱི་ཕྱི་རུ་མི་འགྲོ་བ་དང་། ལྷག་པར་དུ་ཉེ་དུས་རིམས་ནད་བྱུང་བའི་ས་ཁུལ་དུ་འགྲོ་མི་རུང་། རང་ཉིད་འགོག་སྲུང་གི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། ཁ་ཐུམ་རྒྱག་པ་དང་ལག་པ་རྒྱུན་དུ་བཀྲུ་བ། རླུང་རྒྱུག་པ། རྒྱུན་དུ་དུག་སེལ་བྱེད་པ་སོགས་མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་རྒྱུན་འཁྱོངས་བྱེད་པ། འདུ་ཚོགས་མི་བྱེད་པ་དང་མི་མང་སར་མི་འགྲོ་བ། བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་པ། མི་འདུ་རུབ་བྱེད་ཚད་དང་འགྲོ་འོང་བྱེད་ཚད་ཇེ་ཉུང་དུ་གཏོང་བ། རང་འགུལ་གྱིས་རིམས་ནད་འགོག་སྡོམ་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས། ཚ་རྒྱས་པ་དང་གློ་ལུ་བ། མགྲིན་པ་ན་བ། ཤུགས་མེད་པ། སྣོམ་ཚོར་ཉམས་པ། ཁོག་བཤལ་བ་བཅས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་ཁ་ཐུམ་བརྒྱབ་ནས་ཚ་རྒྱས་སྒོ་བསྟེན་ཁང་ཡོད་པའི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པར་འགྲོ་དགོས།

རིན་ཆེན་མཚོས་བསྒྱུར།