མཚོ་སྔོན་ཞིང་ཆེན་གྱི་བློ་མཐུན་ལྔ་ལ་ཆེས་མཛེས་པའི་ནགས་རྩྭ་ཚན་རྩལ་ཁྱབ་གདལ་པའི་གཟི་བརྗིད་མཚན་སྙན་ཐོབ།
2022.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉེ་ལམ། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་གཞུང་སྒྲུབ་ཁང་གིས་སྐོར་གཉིས་པའི་ཆེས་མཛེས་པའི་ནགས་རྩྭ་ཚན་རྩལ་ཁྱབ་གདལ་པའི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། རང་ཞིང་གི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནགས་ལས་དང་རྩྭ་སའི་ས་ཚིགས་ཀྱི་ལིའུ་ཡུང་ཆིན་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཞིག་མེ་ཞིང་ནགས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཏུང་ཡན་ཧོང་། ཟི་ལིང་གྲོང་ཁྱེར་ལྷོ་རི་སྤྱི་གླིང་གི་ལིའུ་གོ་ཆང་། ཞིང་ཆེན་རྩྭ་ས་སྤྱིའི་ས་ཚིགས་ཀྱི་ཞུའུ་ཀུང་ཧྥང་། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ནགས་ལས་དང་རྩྭ་ས་ཅུའུ་ཡི་ལིའུ་ཝུན་དབྱི་བཅས་བློ་མཐུན་ལྔ་ལ་ཆེས་མཛེས་པའི་ནགས་རྩྭ་ཚན་རྩལ་ཁྱབ་གདལ་པའི་གཟི་བརྗིད་མཚན་སྙན་ཐོབ།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པར། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་རྩ་འཛུགས་བྱས་ཏེ་སྐོར་གཉིས་པའི་ཆེས་མཛེས་པའི་ནགས་རྩྭ་ཚན་རྩལ་ཁྱབ་གདལ་པ་འཚོལ་བའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ནགས་རྩྭ་ཁོངས་གཏོགས་ཀྱི་གཞི་རིམ་ཁྱབ་གདལ་མི་སྣས་དཀའ་སྡུག་གང་རུང་ལ་མ་འཛེམ་པར་གཞི་རིམ་དུ་རྐང་བཙུགས་པ་དང་འཐབ་ཕྱོགས་དང་པོ་རུ་ཞབས་ཞུ་སྒྲུབ་པའི་བླ་མེད་ཀུན་སྤྱོད་དྲིལ་སྒྲོག་བྱེད་པ་དང་། ཁོ་ཚོས་དངོས་གཉེར་ལས་སྒྲུབ་དང་གསར་གཏོར་གསར་སྐྲུན་བྱེད་པའི་བསམ་བློའི་སྙིང་སྟོབས་མངོན་པར་བྱེད་པ། རྒྱ་ཆེའི་ནགས་རྩྭ་ཁོངས་གཏོགས་ཀྱི་གཞི་རིམ་ཁྱབ་གདལ་མི་སྣས་གཞི་རིམ་ལ་རྐང་བཙུགས་ཤིང་ལས་གནས་ལ་དགའ་ཞིང་བཀུར་བའི་བྱ་བའི་སྤྲོ་སེམས་ཆེར་སྐྱེད་བྱེད་རྒྱུ་དེ་རེད།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།