གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ5བའི་ཚེས3ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ། འགོག་ཟོན་ཁུལ། དེ་མིན་གཙོ་གནད་གཅིག་བསྡུས་ཚོད་འཛིན་དོ་དམ་བྱེད་པའི་མི་ཁྲི་གཅིག་དང་དྲུག་བརྒྱ་དང་ཉེར་གསུམ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།
དེ་ལས་གཞན། ཟླ5པའི་ཚེས3ཉིན་བར་དུ། གཏན་ཁེལ་ནད་པ42སྨན་ཁང་ནས་བུད་ཅིང་། ནད་རྟགས་མེད་པའི་ནད་པ55ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག གཏན་ཁེལ་ནད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་འབུད་ཚད71%ལ་སླེབས་ཤིང་། ནད་རྟགས་མེད་པའི་ནད་པར་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་འཇོག་ཚད85%སླེབས་འདུག
མི་ཕམ་མགོན་པོས་བསྒྱུར།