ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་དུས་སྐབས་ཤིག་ལ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་རང་ཞིང་གི་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལས་གཞི་ལ་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་བརྒྱད་བྱིན་ཏེ། མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། ཐུན་ཏེ་རྫོང་བཅས་ཀྱི་བསྡོམས་པས་ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་སྟོང་གཉིས་དང་དྲུག་བརྒྱ་རེ་དྲུག་ལྷག་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་རྒྱུ་རེད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། ཧུར་ཐག་སྒོས་ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་པའི་འཐབ་ཇུས་དངོས་འབེབས་བཟང་བོ་བྱས་ཏེ། ཞིང་སའི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ནུས་ལྡན་སྒོས་ལེགས་སྒྱུར་བྱེད་པ་དང་། ཞིང་སའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་ཆེད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ་ས་གནས་སོ་སོའི་འབྲུ་རིགས་ཐོན་སྐྱེད་ཕན་ནུས་མཐོ་བའི་ས་ཁུལ་དང་ཞིང་ཐོན་དངོས་རྫས་གཙོ་བོའི་སྲུང་སྐྱོབ་ས་ཁུལ་གྱིས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱུན་མཐུད་སྒོས་སྙན་སེང་དང་འབྲེལ་མཐུད་ཤུགས་ཚད་ཇེ་ཆེར་བཏང་སྟེ། བསྡོམས་པས་ཀྲུང་དབྱང་སྔོན་རྩིས་ལས་དངུལ་གཏོང་སྒོར་དུང་ཕྱུར་གཅིག་དང་ས་ཡ་དྲུག་འབུམ་གཉིས་བརྩོན་ལེན་བྱས་ནས། ཕེན་ཨན་ཆུའུ་དང་མེན་ཧི་རྫོང་། ཞོན་ཧྭ་རྫོང་། ཁྲི་ཀ་རྫོང་། ཞིན་ཧེ་རྫོང་། ཐུན་ཏེ་རྫོང་སོགས་སུ་ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་སྟོང་དྲུག་དང་དྲུག་བརྒྱ་རེ་དྲུག་ལྷག་འཛུགས་སྐྲུན་བྱས་ནས། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་ལས་ཇེ་ཆེར་འགྲོ་བར་རྨང་གཞི་བཏིངས།
གོ་རིམ་རྗེས་མར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཞིང་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་རེ་བ་ལྟར་སྔ་མོ་ནས་ལས་འགོ་རྩོམ་པ་དང་འཛུགས་སྐྲུན་བྱེད་པར་ལྟ་རྟོག་བྱེད་པ་དང་། བཟོ་སྐྲུན་མྱུར་དུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་པ་དང་། དངུལ་གཏོང་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།