མཚོ་སྔོན་གྱི་ན་གཞོན་ལྔ་བཞི་གཟེངས་རྟགས་སྐབས་ཉེར་ལྔ་པའི་དཔྱད་འདེམས་ཀྱི་མཇུག་འབྲས་ཁྱབ་བསྒྲགས་བྱས།
2022.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་ལྔ་པའི་ཚེས་གསུམ་ཉིན། གཅིག་བསྡུས་སྒོས་དེང་རབས་མཚོ་སྔོན་ན་གཞོན་གྱི་སྙིང་སྟོབས་གཤིས་རྒྱུད་དང་རིན་ཐང་འཚོལ་སྙེག་མཚོན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་གྱིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གསར་གཏོད་གསར་སྤེལ་དང་དཀའ་སྤྱད་མདུན་སྐྱོད་བྱེད་པར་སྐུལ་སློང་གཏོང་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཚའོ་ཙུང་ལུའུ་དང་ཧྥན་མེན་ཝེ། ལིས་དབྱང་།(བོད་རིགས ལིའུ་ཞིན་སི་ཡ།(མོ) ཆིག་ཞའོ་ཝེ། ཆུའུ་ཅ་ཕིན། བན་དེ་རྒྱ་མཚོ།(ཧོར་རིགས) ཞུའེ་ཐིན།(མོ) ཀྲའོ་གོ་ཚུན། ཀྲུའུ་ཡ་ནན།(མོ)བཅས་ལ་མཚོ་སྔོན་གྱི་མཚོ་སྔོན་ན་གཞོན་ལྔ་བཞི་གཟེངས་རྟགས་སྐབས་ཉེར་ལྔ་པ་གནང་རྒྱུའི་ཐག་བཅད།

མཚོ་སྔོན་གྱི་ན་གཞོན་ལྔ་བཞི་གཟེངས་རྟགས་ཐོབ་པའི་བློ་མཐུན་བཅུ་བོ་ནི། རང་ཞིང་གི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ན་གཞོན་ཕུལ་བྱུང་དཔེ་མཚོན་དང་དཔེ་སྟོན་འཐུས་ཚབ་པ་ཡིན། ཁོ་ཚོ་ལས་ལ་ལས་ས་བཞི་འཛུགས་སྐྲུན་ལ་དམིགས་ནས་གསར་གཏོད་དངོས་གཉེར་བྱས་པ་དང་། ལ་ལས་རིམས་ནད་འགོག་སྡོམ་ཐད་བྱས་རྗེས་བཞག་ལ། ལ་ལས་སྲོག་ཉེན་ལ་མ་འཛེམས་པར་མི་དམངས་ལ་ཞབས་འདེགས་ཞུས་པ་དང་། ལ་ལས་གཞི་རིམ་དུ་རྐང་ཆགས་ནས་བླ་མེད་བྱས་རྗེས་བཞག་ཡོད། ཁོ་ཚོས་མེས་རྒྱལ་མི་དམངས་དང་ཁ་ཕྱོགས་གཅིག་གྱུར་དང་མཉམ་སྐྱོད་བྱས་པ་དང་། མེས་རྒྱལ་གྱི་རླབས་ཆེན་བྱ་གཞག་འཛུགས་སྐྲུན་ཁྲོད་ཞུགས་པ། ལང་ཚོ་དང་དུས་ཚོད་ཆུད་ཟོས་སུ་མ་བཏང་བ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་བར། ཞིང་ཆེན་ཡོངས་ཀྱི་ན་གཞོན་ཚོར་མིག་དཔེ་བསྟན་ཡོད།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཟེངས་བསྟོད་ཐོབ་པའི་ན་གཞོན་ཚོས་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་མུ་མཐུད་འབད་འཐབ་བྱས་ནས། གྲུབ་འབྲས་གསར་བ་ལེན་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་དང་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། རྒྱ་ཆེའི་གུང་གཞོན་ཚོགས་པའི་ན་གཞོན་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ་དང་། སྔོན་ཐོན་ལ་དཔེ་ལྟ་བྱེད་པ། ཕུགས་འདུན་བརྟན་པོ་འཛུགས་པ་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཁག་ཁུར་བྱེད་ཕོད་པའི་དུས་རབས་ཀྱི་མི་གསར་བ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་ས་བཞི་འཛུགས་སྐྲུན་བྱེད་པའི་ཐད་ལང་ཚོའི་སྟོབས་ཤུགས་ཕུལ་ནས། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།