སྨན་བཅོས་མི་སྣ་དག་གིས་ཉིན་བཅུ་ལྷག་གི་རིང་ལ་ལྟ་རྟོག་ཞིབ་མོ་དང་སྨན་བཅོས་བྱས་མཐར། ཟླ5པའི་ཚེས3ཉིན། ཟི་ལིང་གྲོང་ཁྱེར་སྨན་ཁང་གསུམ་པའི་འགོ་ནད་ཚན་ཁག་གིས་སྨན་བཅོས་བྱེད་བཞིན་པའི་ཟི་ལིང་གྲོང་ཁྱེར་གྱི་ཐེངས་འདིར་རིམས་ནད་འགོས་པའི་ལོ་ན་ཆེས་ཆུང་བའི་ནད་པ(ནད་རྟགས་མེད་པའི་ནད་པ་ཨང72པ། ཟླ་གཅིག་ཅན།)ཨན་ཨན(ཚབ་མིང)གྱི་བསྟུད་མར་ཉིན་གཉིས་རིང་གི་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱིCTཚད་རྒྱལ་ཁབ་ཀྱི《པྲོག་གསར་གློ་ཚད་ནད་དུག་སྨན་བཅོས་བྱེད་ཐབས(ཚོད་ལྟ་ཨང་དགུ་བ)》གཏན་འབེབས་ཚད་གཞི་དང་མཐུན་པ་དང་། ཚེ་སྲོག་གནས་ཚུལ་རྒྱུན་ལྡན་རེད།
ཞིང་ཆེན་དང་གྲོང་ཁྱེར་གྱི་ཆེད་མཁས་པས་དཔྱད་དཔག་བྱས་པ་བརྒྱུད། བྱིས་པ་དེ་སྨན་ཁང་ནས་འབུད་པའི་ཚད་གཞིར་སླེབས། སྨན་ཁང་ནས་བུད་རྗེས། ཨན་ཨན་དང་ཁྱིམ་མི་དག་སྡོད་གནས་སྨན་བཅོས་ལས་ཁུངས་དང་སྡེ་ཁུལ་གྱི་བཀོད་སྒྲིག་ལྟར། ཉིན14ཡི་ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་པ་ཚར་རྗེས། རྒྱུན་ལྡན་ལྟར་འཚོ་བ་རོལ་ཆོག་པ་རེད།
ཨན་ཨན(ཚབ་མིང་།)ནི་ཐེངས་འདིའི་རིམས་ནད་ཁྲོད་ནད་དུག་འགོས་པའི་ལོ་ན་ཆེས་ཆུང་བ་ཡིན་ཞིང་། ཁོའི་སྨན་བཅོས་དང་བདེ་ཐང་གི་གནས་ཚུལ་ལ་ཞིང་ཆེན་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད། ཟླ4པའི་ཚེས15ཉིན་ནས་ཚེས21ཉིན་བར། ཨན་ཨན་དང་ཁྱིམ་མི་དག་ཁྱིམ་དུ་བསྡད་ནས་གསོ་རིག་ལྟ་ཞིབ་བྱས་ཤིང་དེ་དུས་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད། ཟླ4པའི་ཚེས22ཉིན། ཉིང་སྐྱུར་བརྟག་འབྲས་གདགས་གཤིས་སུ་གྱུར། དེ་ནས་ཁྱིམ་མི་དག་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་སྨན་ཁང་གསུམ་པར་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱས་པ་རེད། ཨན་ཨན་སྨན་ཁང་དུ་བསྡད་རྗེས། སྨན་བཅོས་ཆེད་མཁས་ཚོ་ཆུང་གིས་ནད་པ་ཆུང་ཆུང་དེར་གསོ་རླུང་ཉུང་ངུར་རྔུབ་ཏུ་བཅུག་པ་དང་། ཚེ་སྲོག་གི་རྟགས་མཚན་ལ་ལྟ་ཞིབ་བྱས་ཤིང་། སྒོས་སུ་ནད་པ་ཆུང་ཆུང་དེའི་སྟོབས་ཤུགས་དང་བཟའ་བཏུང་གནས་ཚུལ་ལ་ཞིབ་ལྟ་བྱས།
ནད་པ་ཆུང་ཆུང་དེར་ནད་ཁང་དུ་ཕ་མས་ལྟ་རྟོག་བྱེད་བཞིན་ཡོད་ལ། སྨན་ཁང་གིས་བྱིས་པའི་ཁོང་ནད་ཚན་ཁག་གི་སྨན་པ་ཆེད་དུ་བཀོད་སྒྲིག་བྱས་ནས་ནད་པ་ཆུང་ངུར་སྨན་བཅོས་བྱས། དུག་སེལ་བཤེར་ཆུ་ཡིས་ནད་པ་ཆུང་ངུའི་མིད་པ་དང་སྐྱི་པགས་ལ་གནོད་པ་མི་བཟོ་ཆེད། ནད་ཁང་གི་དུག་སེལ་བྱ་བ་དེ་མཁའ་དབུགས་དུག་སེལ་འཕྲུལ་ཆས་ཀྱི་དུག་སེལ་དང་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་བར་སྒྱུར་ཞིང་། ལོགས་བཀར་སྨན་ཁང་དུ་སྨན་བཅོས་མི་སྣ་རྣམས་ཀྱིས་བྱམས་དང་སྙིང་རྗེའི་ངང་བྱིས་པ་ཆུང་ཆུང་དེར་སྙོར་སྐྱོང་བྱས།
སྨན་ཁང་དུ་བསྡད་རྗེས། སྨན་བཅོས་མི་སྣ་དག་གིས་སྔར་ལས་ལྷག་པའི་གཅེས་སྐྱོང་དང་ལྟ་རྟོག་བྱས་ཤིང་། ཆ་རྐྱེན་འོས་འཚམ་གྱི་དུས་སུ་དུས་ཚོད་མང་དུ་བསྡད་ནས་བྱིས་པའི་ཕ་མ་གཉིས་ལ་རོགས་རམ་བྱས་པར་མ་ཟད། བཟའ་བཏུང་ཐད་ནས་མཛུབ་སྟོན་དང་མཉམ་འཇོག་སར་གསལ་འདེབས་གང་མང་བྱས་ཏེ། བྱིས་པ་བདེ་བར་གཉིད་རྗེས་མལ་གསོས་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱེད་དུས་ཀྱང་འཇམ་གཉེན་གྱི་ལག་རྩལ་གྱིས་ཐེངས་གཅིག་ལ་ལེགས་འགྲུབ་འབྱུང་བར་འབད་པ་བྱས་ཤིང་། བརྟག་དཔྱད་བྱས་རྗེས་སྨན་བཅོས་མི་སྣ་ཚང་མས་གནས་སྐབས་སུ་ཕ་མའི་ཚབ་བྱས་ནས་ཕ་མ་གཉིས་ལ་རོགས་རམ་མི་ཉུང་བ་བྱས། གོས་དཀར་ལྷ་ཡི་བརྩེ་བ་དྲོན་མོའི་འོག་ཨན་ཨན་གྱི་བདེ་ཐང་གནས་ཚུལ་ལེགས་པོ་བྱུང་སོང་།
ཡིག་བསྒྱུར་པ། མི་ཕམ་མགོན་པོ།