ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ལ་གཅིག་གྱུར་སྐུད་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་ཆོད་བཀོད་སྒྲིག་གཏིང་ཟབ་སྒོས་ལག་བསྟར་དངོས་འབེབས། སྲིད་གཞུང་སྡེ་ཁག་ལ་གཞོགས་འདེགས་གང་ལེགས་བྱས་ཏེ་མཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དུས་ཆེན་གྱི་མཛད་སྤྱོད་བྱང་བུ་སྔོན་ལ་གཅིག་བསྡུས་སྒོས་སྟེར་བའི་འབྲེལ་ཡོད་བརྡ་སྦྱོར་བཏང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་བཅུ་ཉིན་གྱི་སྔོན་ལ། འབྲེལ་ཡོད་ཚད་གཞི་ལྟར་ཉིས་སྟོང་ཉེར་གཉིས་ལོའི་ལས་བཟོ་བའི་དུས་ཆེན་གྱི་འཚམས་འདྲིའི་བྱང་བུ་དེ་མཛད་སྤྱོད་བྱང་བུའི་རྣམ་པ་ལྟར་ལས་ཁུངས་དང་ལས་དོན་ལས་ཁུངས། ཁེ་ལས་སྡེ་ཁག་གི་བཟོ་ཚོགས་ཚོགས་མི་ལ་སྟེར་བ་དང་། ཚོགས་མི་དག་གིས་མཛད་སྤྱོད་བྱང་བུ་དེ་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོའི་སྣ་འཛོམས་ཚོང་ར་དང་རང་འདེམས་ཚོང་ར། ཟ་ཁང་། རིག་གནས་ཡུལ་སྐོར། སྣུམ་སྣོན་ས་ཚུགས་སོགས་དངོས་ཕུང་ཚོང་ཁང་ནས་མཛད་སྤྱོད་བྱེད་དགོས།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བརྡ་སྦྱོར་གྱི་རེ་བ་ལྟར། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཡུལ་བབས་དང་བསྟུན་པ་དང་།ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ་རྒྱ་ཆེའི་བཟོ་ཚོགས་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཧུར་བརྩོན་གྲོན་ཆུང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ་འཚོ་བའི་རྒྱུན་བཀོལ་ཅ་ལག་དང་དབུལ་སྐྱོར་ཐོན་རྫས་ཉོས་ཏེ་མཛད་སྤྱོད་སྐུལ་འདེད་དང་ནང་མཁོའི་མཛད་སྤྱོད་རྒྱ་སྐྱེད་ཏེ་ལས་ཐོན་སླར་གསོ་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་འཇོག་དགོས་ཟེར།
རིག་འཛིན་ཐར་གྱིས་བསྒྱུར།