གཙོ་གནད་གཅིག་བསྡུས་བྱས་པའི་ཚོད་འཛིན་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།
གསར་འགོད་པས་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ5པའི་ཚེས5ཉིན་གྱི་ཆུ་ཚོད18དང་སྐར་མ30ཡི་བར་དུ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ། འགོག་ཟོན་ཁུལ། དེ་མིན་གཙོ་གནད་གཅིག་བསྡུས་ཚོད་འཛིན་གྱི་མི་ཁྲི་གཅིག་དང་བརྒྱད་བརྒྱ་ང་བརྒྱད་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།
ཟླ5པའི་ཚེས5ཉིན་བར་གཏན་ཁེལ་ནད་པ46སྨན་ཁང་ནས་བུད་ཅིང་། ནད་རྟགས་མེད་པའི་ནད་པ60ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག གཏན་ཁེལ་ནད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་འབུད་ཚད79%ལ་སླེབས་ཤིང་། ནད་རྟགས་མེད་པའི་ནད་པ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་འཇོག་ཚད90%སླེབས།
མི་ཕམ་མགོན་པོས་བསྒྱུར།