ཟླ་བཞི་པ་ནས་བཟུང་སྣ་མང་རྙོག་འཛིང་གི་རིམས་ནད་སྔོན་འགོག་གི་གནས་བབ་ལ་ཁ་གཏད་འཇལ་བ་དང་། རིམས་ནད་སྔོན་འགོག་ལ་གཅིག་གྱུར་འཆར་འགོད་དང་རྡོ་སོལ་དང་གློག སྣུམ། སོལ་རླངས་ཀྱི་མཁོ་འདོན་ལ་འགན་སྲུང་གང་ལེགས་བྱེད་ཆེད། རང་ཞིང་གིས་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ལ་གཞོགས་འདེགས་གང་ལེགས་བྱས་ཏེ་རྡོ་སོལ་དང་གློག སྣུམ། སོལ་རླངས་ཀྱི་མཁོ་འདོན་མཐུན་སྦྱོར་ལ་ཤུགས་སྣོན་བྱས། ནུས་ཁུངས་མཁོ་འདོན་གྱི་བདེ་འཇགས་བརྟན་བརླིང་ལ་སྐུལ་འདེད་བཏང་སྟེ་རང་ཞིང་གི་རིམས་ནད་སྔོན་འགོག་གི་ཁྱོན་ཡོངས་ལ་ཤུགས་ཡོད་སྒོས་ཞབས་ཕྱི་བསྒྲུབས། བསྟུད་མར་ཉིན་འདི་དག་ལ་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་མཁོ་འདོན་རྣམ་པ་བརྟན་འཇགས་ཡིན། སོལ་རླངས་མཁོ་འདོན་གྱིས་གཞིས་ཁུལ་སོ་སོའི་དྲོལ་འདོན་དང་བཟོ་ལས། ཁེ་ལས་ཀྱི་ཐོན་སྐྱེད་འདང་ཚིམས་པ་བྱས། ཀྲུང་གོའི་རྡོ་སྣུམ་དང་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ཀྱིས་མཛོད་ཉར་ལ་འགན་སྲུང་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ལས་ཐོན་སླར་གསོའི་དགོས་མཁོར་ཁག་ཐེག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རྡོ་སོལ་དང་གློག སྣུམ། སོལ་རླངས་ཀྱི་འཁོར་སྐྱོད་གནས་བབ་དང་ཚོང་རའི་གནས་ཚུལ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་ཕྱོགས་ཡོང་ནས་རྡོ་སོལ་དང་གློག སྣུམ། སོལ་རླངས་ཀྱི་འཁོར་སྐྱོད་འགན་སྲུང་དང་དགོས་མཁོ་མྱུར་སྒྲུབ་ཐད་ཤུགས་བསྣན། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོར་འཇགས་དོ་དམ་ལག་བསྟར་བྱས་རྗེས། ཞིང་ཆེན་ནུས་ཁུངས་སྡེ་ཁག་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་རྡོ་སོལ་དང་གློག སྣུམ། སོལ་རླངས་ཀྱི་ཐོན་སྐྱེད་ཁེ་ལས་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་བརྟན་འཇགས་སྒོས་ཐོན་སྐྱེད་མཁོ་འདོན་གྱི་དགོས་མཁོ་བསྐངས། ཞིང་ཆེན་རང་བྱུང་ཐོན་ཁུངས་སྡེ་ཁག་སོགས་ཀྱིས་མགྱོགས་མྱུར་སྒོས་རྡོ་སོལ་ཐོན་སྐྱེད་བྱ་བར་གཞོགས་འདེགས་དང་། ཚོང་དོན་ཁེ་ལས་ཀྱིས་སྲིད་གཞུང་གི་རྡོ་སོལ་བཀོལ་གཏོང་གསོག་ཉར་ནུས་པའི་འཛུགས་སྐྲུན་བྱ་བའི་འོས་འགན་ཕྲག་དུ་བླངས་ཏེ་རང་ཞིང་གི་རྡོ་སོལ་གསོག་ཉར་མཐིལ་རྟོགས་འགན་སྲུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཚོང་དོན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རིམས་ནད་སྐབས་ཀྱི་སྣུམ་ལམ་སྐྱེལ་འདྲེན་བཀག་འགོག་དང་ཤར་བགྲོད་བཀག་འགོག་ལ་གཞོགས་འདེགས་དང་མཐུན་སྦྱོར་བྱས་ཏེ་གནད་དོན་ཐག་གཅོད་བྱས།