རང་ཞིང་གིས་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་ངོ་སྤྲོད་བྱ་བ་ཡོངས་འགྲུབ་བྱས།
2022.05.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། རང་ཞིང་གིས་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་ངོ་སྤྲོད་བྱ་བ་ཡོངས་འགྲུབ་བྱས་པ་དང་། མི་སྒེར་བདུན་དང་ཐུན་མོང་བཞི་ངོ་སྤྲོད་བྱེད་རྒྱུ་གཏན་ཁེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་གསུམ་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་ངོ་སྤྲོད་དཔྱད་འདེམས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་གྱི་རེ་བ་ལྟར། འོག་རིམ་ནས་གོང་རིམ་དང་དམངས་གཙོ་ངང་ངོ་སྤྲོད་བྱེད་པ། རིམ་པ་བཞིན་འགག་སྒོ་སྲུང་བ། རིམ་པ་བཞིན་ཞིབ་རྩིས་གཏན་འབེབས་བྱེད་པའི་རྣམ་པ་སྤྱད་དེ་ཞིང་ཆེན་ནང་ཁུལ་གྱི་ངོ་སྤྲོད་བྱ་བ་སྤེལ་བ་དང་། གཙོ་བོར་གཞི་རིམ་དང་བྱ་བའི་ཡུལ་དངོས་གཙོ་བོར་ཁ་ཕྱོགས་ནས། ཐུན་མོང་སྒོས་ངོ་སྤྲོད་བྱེད་པའི་མི་སྣར་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱས་པ་མ་ཟད། ཀྲུང་དབྱང་གི་རེ་བ་ལྟར། ངོ་སྤྲོད་བྱེད་ཡུལ་ལ་རྟོག་ཞིབ་བྱེད་པ་དང་།  བསམ་འཆར་བསྡུ་ལེན་དང་ཡོངས་བསྒྲགས་བྱེད་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ཞིབ་འཇུག་སོགས་བྱ་བ་སྤེལ་ནས། མཇུག་མཐར་གཏན་ཁེལ་བྱས་པ་མ་ཟད་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་རང་ཞིང་གི་ངོ་སྤྲོད་བྱེད་ཡུལ་གཏན་ཁེལ་བྱས།

གོ་རིམ་རྗེས་མར། རང་ཞིང་གིས་རྒྱལ་ཡོངས་ཀྱི་གཟེངས་བསྟོད་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གཟེངས་བསྟོད་བྱ་དགའ་དང་སློབ་སྦྱོང་དྲིལ་སྒྲོག་སོགས་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་ནན་མོ་བྱེད་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩིས་ནས། སྔོན་ཐོན་ལག་རྗེས་དྲིལ་སྒྲོག་ཆེན་པོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དངོས་གཉེར་བྱེད་པ། ཁག་ཁུར་བྱེད་ཕོད་པ་བྱེད་པར་སྐུལ་སློང་སྣེ་ཁྲིད་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་རེད།   

རིན་ཆེན་མཚོས་བསྒྱུར།