ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ་གསུམ་བྱུང་།
2022.05.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། 

(ཨང115པ)

    ཟླ5པའི་ཚེས16ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24ཡི་བར། ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ3བྱུང་ལ། གཏན་ཁེལ་ནད་པ་ཇེ་མང་དུ་སོང་མེད། གཏན་ཁེལ་ནད་པ2དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་ཅིང་། ནད་རྟགས་མེད་པའི་ནད་པ10ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག

ནད་རྟགས་མེད་པའི་ནད་པའི་གནས་ཚུལ།

ནད་རྟགས་མེད་པའི་ནད་པ1པོ། 

ཧོང་ཀྲུང་ས་ཁུལ་མདོ་བ་གྲོང་རྡལ་ཤར་ལམ་གྱི་བདེ་སྐྱིད་སྲང་ཨང53པའི་ཡིན།

ནད་རྟགས་མེད་པའི་ནད་པ2པ། 

ཧོང་ཀྲུང་ས་ཁུལ་མདོ་བ་གྲོང་རྡལ་ཤར་ལམ་གྱི་བདེ་སྐྱིད་སྲང་ཨང53པའི་ཡིན།

ནད་རྟགས་མེད་པའི་ནད་པ3པ།

མཁར་ནུབ་ས་ཁུལ་ཧན་ཀྲོང་གཞིས་ཁུལ་གྱི་ཡིན།

གོང་བརྗོད་ནད་རྟགས་མེད་པའི་ནད་པ་ཚང་མ་གཙོ་གནད་ཚོད་འཛིན་དོ་དམ་བྱས་པའི་མི་སྣ་ཡིན་པ་དང་། ཚང་མ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དུས་མཉམ་དུ་བརྒྱུད་ལམ་འབྱུང་ཁུངས་སོགས་ལ་ཞིབ་རྩད་དང་བཀོད་སྒྲིག་ལྟར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ།

2022ལོའི་ཟླ5པའི་ཚེས17ཉིན།