ཟི་ལིང་དུ་པྲོག་གསར་གདགས་གཤིས་ཅན1ཇེ་མང་དུ་སོང་།
2022.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང116པ)

ཟླ5པའི་ཚེས17ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24ཡི་བར། ཟི་ལིང་གྲོང་ཁྱེར་དུ་གཏན་ཁེལ་ནད་པ1བྱུང་ལ། ནད་རྟགས་མེད་པའི་ནད་པ་ཇེ་མང་དུ་སོང་མེད། གཏན་ཁེལ་ནད་པ1དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་ཅིང་། ནད་རྟགས་མེད་པའི་ནད་པ7ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག

གཏན་ཁེལ་ནད་པའི་གནས་ཚུལ།

གཏན་ཁེལ་ནད་པ1པོ། མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ར་སྐོར་གསུམ་པའི་གཞིས་ཁུལ་གྱི་ཡིན།

གོང་གི་གཏན་ཁེལ་ནད་པ་དེ་གཙོ་གནད་ཚོད་འཛིན་དོ་དམ་བྱས་པའི་མི་སྣ་ཡིན་པ་དང་། གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དུས་མཉམ་དུ་བརྒྱུད་ལམ་འབྱུང་ཁུངས་སོགས་ལ་ཞིབ་རྩད་དང་བཀོད་སྒྲིག་ལྟར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས18ཉིན།