ཟི་ལིང་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་ཐེངས་གཉིས་ཀྱི་མཇུག་འབྲས་ཚང་མ་སྲིབ་གཤིས་རེད།
2022.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ5པའི་ཚེས18ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གྱི་གནས་ཚུལ་གསར་པ་ཁྱབ་སྒྲོག་བྱས།

ཟླ5པའི་ཚེས16ཉིན་དང་ཚེས17ཉིན་གཉིས་ལ། ཟི་ལིང་གྲོང་ཁྱེར་ཡོངས་སུ་མི་ཡོངས་རྫོགས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས། མིག་སྔའི་བར་དུ་བསྡོམས་པས་མི་ས་ཡ་བཞི་དང་འབུམ་གཅིག་ཁྲི་དྲུག་སྟོང་གསུམ་ལྔ་བརྒྱར་བརྟག་དཔྱད་བྱས་ཚར་བ་དང་། སྤྱི་ཚོགས་ངོས་ཀྱི་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་ཐེངས་གཉིས་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་རེད། གཙོ་གནད་གཅིག་བསྡུས་དམ་སྡོམ་མི་ཚོགས་ཀྱི་ཁྲོད་ནས་ཉིན་དང་པོར་གཏན་ཁེལ་ནད་པ་གསུམ་དང་ཉིན་གཉིས་པར་གཏན་ཁེལ་ནད་པ་གཅིག་བྱུང་བ་མ་གཏོགས། གཞན་དག་ཚང་མའི་མཇུག་འབྲས་སྲིབ་གཤིས་རེད། གོ་རིམ་རྗེས་མར། ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་ལ་ཤུགས་སྣོན་པ་དང་། སྤྱི་བདེ་དང་བཟོ་ལས་ཆ་འཕྲིན། སྤྱི་པའི་འཕྲོད་བསྟེན་བཅས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། གཅིག་བསྡུས་ལོགས་བཀར་སྡུད་བཅོས་ནུས་པ་ཇེ་དྲག་ཏུ་གཏོང་བ། སྒེར་གྱི་རིམས་འགོག་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་ཐབས་བཞི་སྤྱད་དེ། ཐོབ་དཀའ་བའི་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད།

ཚེས18ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་སོ་སོའི་རྒྱ་སྡོམ་ཁུལ་དང་དམ་སྡོམ་ཁུལ། འགོག་ཟོན་ཁུལ་བཅས་ཀྱི་མི་སྣ་དང་ལས་རིགས་གཙོ་བོ། ཉེན་ཁ་ཆེ་བའི་ལས་རིགས་ཀྱི་མི་སྣ་བཅས་ལ་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེར་བྱ་རྒྱུ་ཡིན་པ་དང་། གྲོང་ཁུལ་གཙོ་བོ་དང་ཧོང་ཀྲུང་ས་ཁུལ་གྱི་མདོ་བ་མཁར་གསར་ལ་ཉིན3རིང་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱ་རྒྱུ་ཡིན་ཞིང་། རྟ་ཐང་ཧོས་རིགས་ཧོར་རོགས་རང་སྐྱོང་རྫོང་དང་སྟོང་སྐོར་རྫོང་། མདོ་བ་མཁར་གསར་ཕུད་པའི་ཧོང་ཀྲུང་ས་ཁུལ་བཅས་ལ་གཟའ་འཁོར་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱ་རྒྱུ་རེད།