གཏམ་བཟང་། ཟི་ལིང་ལ་བསྟུད་མུར་ཉིན2ལ་ནད་པ་བྱུང་མི་འདུག
2022.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

  ཟླ5པའི་ཚེས19ཉིན།  གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་དུ་བསྟུད་མུར་ཉིན་གཉིས་ལ་གཏན་ཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་གཅིག་ཀྱང་བྱུང་མི་འདུག་ལ། གཏན་ཁེལ་ནད་པ3དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་ཅིང་། ནད་རྟགས་མེད་པའི་ནད་པ9ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག