ཟི་ལིང་གྲོང་ཁྱེར་དུ་ཉིན3ལགཏན་ཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་བྱུང་མེད།
2022.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ5པའི་ཚེས20ཉིན།  གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་དུ་བསྟུད་མར་ཉིན3ལ་གཏན་ཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་གཅིག་ཀྱང་བྱུང་མེད་ལ། གཏན་ཁེལ་ནད་པ6དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པ་དང་། ནད་རྟགས་མེད་པའི་ནད་པ13ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག

རྒྱ་ཆེའི་གྲོང་མི་རྣམས་ཀྱིས་སྔར་བཞིན་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བར་རྒྱབ་སྐྱོར་བྱས་ནས། རང་ཉིད་ནི་བདེ་ཐང་གི་འགན་ཁུར་བ་དང་པོ་ཡིན་པའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། རང་རྟོགས་སྒོས་རིམས་འགོག་བྱེད་ཐབས་སོ་སོར་གཞོགས་འདེགས་བྱེད་དགོས་ལ།  རིམས་འགོག་གི་སྐབས་འདིར་ཕྱི་ལ་འགྲོ་བ་ཇེ་ཉུང་དུ་གཏང་དགོས་ལ། ཁྱིམ་ཚང་མི་ཉུལ་བ་དང་། འདུ་ཚོགས་མི་བྱེད་པ། ཕྱི་ནས་ཡོང་བའི་མི་ལ་འབྲེལ་འདྲིས་མི་བྱེད་པ། མི་ཚོགས་མང་བའི་སྤྱི་བའི་ཚོགས་ར་སོགས་ལ་མི་འགྲོ་བ་བཅས་བྱ་དགོས།  མི་སྒེར་གྱི་འགོག་སྲུང་མུ་མཐུད་དུ་ཡག་པོ་བསྒྲུབས་ཏེ། ཚ་རྒྱས་པ་དང་གློ་ལུ་བ། མིད་པ་ན་བ། ཐང་ཆད་པ། དྲི་མ་མི་ཚོར་བ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ་དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཉེ་འགྲམ་གྱི་ཚ་རྒྱས་སྒོ་བསྟེན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས། ཆ་རྐྱེན་དང་འཚམ་པའི་རྒན་པ་དང་བྱིས་པས་མྱུར་དུ་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་དགོས་ཤིང་།  ང་ཚོས་ལག་གདང་མཉམ་སྦྲེལ་དངབློ་སེམས་གཅིག་མཐུན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རྒྱལ་ཁ་ལེན་དགོས།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5བའི་ཚེས21ཉིན