ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་བཀག་སྡོམ་དང་དོ་དམ་ཚོད་འཛིན་ཁུལ་ཆུང་བ་ཚང་མ་གློད།
2022.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོས་ྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཐུང་རྒྱལ་སྤྱིའི་སྡེ་ཁུལ་དང་ས་གཤིས་རྩད་ཞིབ་གླིང་གསུམ་པའི་གཞི་ཁྱིམ་་ར་སྐོར་སོགས་སྡེ་ཁུལ་བཞི་ལ་ཆེད་མཁས་ཚན་ཆུང་གིས་དཔྱད་འཇོག་བྱས་པ་དང་། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཆོས་མཆན་ཐོབ་པ་བརྒྱུད། 2022ལོའི་ཟླ་5ཚེས29ཉིན་ནས་བཟུང་གློད། དེ་ལས་མཁར་ནུབ་ཁུལ་གྱི་དོ་དམ་ཚོད་འཛིན་སྡེ་ཁུལ་ཚང་མ་ཡོངས་སུ་གློད་དེ་བཀག་རྒྱ་མེད་པར་བཟོས་ནས། ས་ཁོངས་ཧྲིལ་པོའི་བཀག་སྡོམ་དང་དོ་དམ་ཚོད་འཛིན་ས་ཁུལ་གྱི་གཙང་སེལ་དམིགས་འབེན་མངོན་འགྱུར་བྱས།

རྒྱ་ཆེའི་མང་ཚོགས་ཚོས་མུ་མཐུད་དུ་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཇེ་མཐོར་བཏང་ནས། ཅིས་ཀྱང་འགྲོ་དགོས་བྱུང་ན་མ་གཏོགས་ཟི་ལིང་ནས་ཞིང་ཆེན་གཞན་དུ་མི་འགྲོ་བ་དང་། སྔར་སྲོལ་བཞིན་ཁ་ཐུམ་རྒྱག་པ་དང་ལག་པ་གཙང་མར་བཀྲུ་བ། ཁང་པའི་ནང་རླུང་རྒྱུ་རུ་འཇུག་པ། འདུ་རུབ་མི་བྱེད་པ། བདེ་འཇགས་དང་སྤྱི་ཚོགས་ཀྱི་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་འཚོ་བའི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱས་ནས། བཀག་སྡོམ་གློད་རུང་འགོག་སྡོམ་གྱི་བསམ་པ་མི་ལྷོད་པར་རིམས་ནད་ཀྱི་རྒྱལ་ཁའི་གྲུབ་འབྲས་ལ་གཅེས་སྤྲས་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལས་རྣམ་པར་རྒྱལ་བ་བཅས་བྱ་རྒྱུའི་རེ་བ་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།