ཐུན་ཏེ་རྫོང་གི་ཚན་རྩལ་ཆེད་མངགས་པའི་ལས་སྒྲུབ་ས་ཚིགས་དང་པོས་མཚོ་སྔོན་སློབ་ཆེན་གྱི་འབུ་སུ་ཧང་ཨང་རྟགས་དང་པོ་འདེབས་འཛུགས་ཀྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས། 
2022.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

སྔར་ལས་ལྷག་པའི་སྒོ་ནས་གཟན་རྩྭའི་འདེབས་འཛུགས་གྲུབ་ཆ་སྙོམས་སྒྲིག་བྱེད་པ་དང་། གསོ་སྤེལ་དང་འདེབས་འཛུགས་ཟུང་འབྲེལ་སྒོས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་ཆེད།  ཐུན་ཏེ་རྫོང་གི་ཚན་རྩལ་ཆེད་མངགས་པའི་ལས་སྒྲུབ་ས་ཚིགས་དང་པོས་མཚོ་སྔོན་སློབ་ཆེན་གྱི་འབུ་སུ་ཧང་ཨང་རྟགས་དང་པོའི་འདེབས་འཛུགས་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས།

མཚོ་སྔོན་སློབ་ཆེན་སྐྱེ་ཁམས་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ནམ་དགེ་རྒན་ཆེན་མོ་ཡང་ཀའོ་ཀྲུའུ་ལགས་གཙོར་བྱས་པའི་ཐུན་ཏེ་རྫོང་ཚན་རྩལ་ཆེད་མངགས་པའི་ལས་སྒྲུབ་ས་ཚིགས་ཀྱི་ཁོངས་མི་རྣམས་ཀྱིས་རྐ་འབའ་སུམ་མདོ་གྲོང་རྡལ་འབེ་བཟའ་སྡེ་བའི་གཡང་གི་མཚོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་མཚོ་སྔོན་སློབ་ཆེན་གྱི་འབུ་སུ་ཧང་སྨུག་པོ་ས་མུའུ་ཞེ་ལྔ་དང་གྲོ་ནག་པོ་དང་མཚོ་སྔོན་སློབ་ཆེན་གྱི་སྲན་དམར་ཨང་རྟགས་དང་པོ་མུའུ་ལྔ་ལྷག་གི་ཚོད་ལྟའི་འདེབས་འཛུགས་བྱ་བར་མཛུབ་སྟོན་གནང་།

འབུ་སུ་ཧང་སྨུག་པོ་ནི་འཛམ་གླིང་སྟེང་མིང་དུ་གྲགས་པའི་སྤུས་ལེགས་ཕྱུགས་རྩྭའི་ཁྲོད་ཀྱི་གཅིག་ཡིན་ལ། རང་རྒྱལ་གྱི་འདེབས་འཛུགས་རྒྱ་ཁྱོན་ཆེས་ཆེ་བའི་ཕྱུགས་རྩྭ་ཞིག་ཀྱང་ཡིན། དེ་བས་དེའི་མིང་ལ་ཕྱུགས་རྩྭའི་རྒྱལ་པོ་ཞེས་ཀྱང་འབོད། རྩྭ་དེའི་ཐོན་སྐྱེད་ཚད་མཐོ་བ་དང་རྒྱུ་སྤུས་ལེགས་པ་ཙམ་མ་ཡིན་པར།  དེའི་ཁྲོད་དུ་སྤྲི་དཀར་དང་འཚོ་རྒྱུ་འཛོམས་ཤིང་། སྐྱེ་མེད་ཚྭ་དང་ཕྱུགས་གསོ་སོགས་གཟན་རྩྭའི་རང་བཞིན་གྱི་འདུ་ཚད་མཐོ་ལ་གཟན་སྤྱོད་ཐད་ཀྱི་རིན་ཐང་ཧ་ཅང་མཐོ། དེར་མ་ཟད་འབུ་སུ་ཧང་གི་གཞུང་རྟ་འཕེལ་ཐུབ་པས་དེས་མཁའ་དབུགས་ཁྲོད་ཀྱི་ཏན་རྒྱུ་བསྡུ་ཐུབ། དེ་བས་དེ་ནི་ས་ཆུ་རྒྱུན་འཁྱོངས་ཐུབ་ལ། ས་རྒྱུ་ལེགས་བཅོས་ཐུབ་པའི་སྐྱེ་སྟོབས་ལྡན་པའི་སྐྱེ་དངོས་ཤིག་ཡིན།

མཚོ་སྔོན་སློབ་ཆེན་གྱི་འབུ་སུ་ཧང་ཨང་རྟགས་དང་པོའི་འདེབས་འཛུགས་བརྒྱུད།  རོང་འབྲོག་མང་ཚོགས་ཀྱི་གཟན་རྩྭའི་འདེབས་འཛུགས་ཆུ་ཚད་མཐོར་འདེགས་སུ་བཏང་ཞིང་།   གཟན་རྩྭ་འདེབས་འཛུགས་ཁྱིམ་ཚང་ལ་ལོ་ལེགས་འབྱུང་བའི་ཆོད་སེམས་བསྩལ་བ་དང་། ཐུན་ཏེ་རྫོང་གི་རྩྭ་འདེབས་ཕྱུགས་སྐྱོང་གི་སྤུས་ཚད་མཐོར་འདེགས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས།