མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་མི་ཤུགས་ཐོན་ཁུངས་ཀྱི་སྒྲིག་རིམ་གཙང་བཤེར་དག་ཐེར་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ།
2022.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དྲུག་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་གྱིས་བརྡ་སྦྱོར་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་མི་ཤུགས་ཐོན་ཁུངས་དང་ཁྲོམ་རའི་སྒྲིག་རིམ་གཙང་བཤེར་དག་ཐེར་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ། མི་ཤུགས་ཐོན་ཁུངས་དང་ཁྲོམ་རའི་ལྟ་སྐུལ་དོ་དམ། སྲིད་འཛིན་ཁྲིམས་བསྟར་ཞིབ་བཤེར་ཇེ་དྲག་ཏུ་བཏང་ནས། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་བྱ་འགུལ་ཕན་ཡོད་ཚད་ལྡན་དུ་བསྒྱུར་ཏེ། ཁེ་ལས་ཀྱི་ལས་མི་བཀོད་སྤྱོད་དང་ངལ་རྩོལ་པའི་ལས་འཚོལ་ལས་ཞུགས་བྱ་བར་ཁྲོམ་རའི་ཁོར་ཡུག་ཡག་པོ་ཅིག་བསྐྲུན །

ཐེངས་འདིའི་ཆེད་དོན་འགུལ་སྐྱོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཞུགས་བརྟན་པོ་དང་ལས་ཞུགས་ལ་འགན་སྲུང་བྱེད་པའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་། ལས་ཞུགས་སྐུལ་འདེད་བྱེད་ཐབས་དང་། ངལ་རྩོལ་གན་རྒྱའི་བྱེད་ཐབས། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་ཐབས། ནར་མ་སོན་པའི་མི་ལས་མིར་བཀོལ་བ་གཏན་འགོག་བྱེད་པའི་གཏན་འབེབས། མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དངོས་འབེབས་བྱས་ཏེ། མགོ་སྐོར་བཏང་ནས་ལས་གནས་མཚམས་སྦྱོར་བྱེད་པ་དང་། ལས་བསྡུ་རྫུན་མ། ལས་ཞུགས་མཐོང་ཆུང་། ངལ་རྩོལ་པའི་མི་ལུས་བདེ་ཐང་དང་རྒྱུ་ནོར་བདག་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་རིགས་བཞི་པོར་གཅིག་བསྡུས་ཀྱིས་དག་ཐེར་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཁྲིམས་འགལ་བྱ་འགུལ་གཙང་སེལ་གང་ལེགས་བྱེད་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། མི་བཀོལ་ལས་ཁུངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་རྩད་གཅོད་ནན་མོ་བྱེད་པ། ལས་གནས་མཚམས་སྦྱོར་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་ཆད་པ་ནན་མོ་བཅད་དེ། ཞིང་པ་ཞོར་ལས་པ་སོགས་གཙོ་གནད་ཚོགས་ཁག་གི་ལས་ཞུགས་ལ་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།