རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་བྱུང་རྗེས་སླར་གསོ་དང་བསྐྱར་འཛུགས་བྱེད་པའི་ཉིས་སྟོང་ཉེར་གཉིས་ལོའི་འགྲིམ་འགྲུལ་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱས།
2022.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་དུས་སྐབས་ཤིག་ལ། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཤིང་། གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་སྤྱིའི་དམིགས་འབེན་དང་དུས་སྐབས་གཉིས་པའི་ལས་གཞི་ཕྱོགས་ཡོངས་ནས་ལས་འགོ་བརྩམས་པ་དང་ལོ་མཇུག་དུ་ཕལ་ཆེར་འགྲུབ་པར་བྱེད་པ། གྲུབ་འབྲས་ཆེན་པོ་ལེན་པའི་བྱ་བའི་ལས་འགན་དང་དམ་པོར་སྦྲེལ་ཏེ། ཀྲུང་དབྱང་གི་རླངས་འཁོར་ཉོ་བའི་དཔྱ་ཁྲལ་ཁ་གསབ་ཀྱི་ས་གནས་མ་དངུལ་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྲིད་གཞུང་བུན་འཛིན་མ་དངུལ་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་བྱུང་རྗེས་སླར་གསོ་དང་བསྐྱར་འཛུགས་བྱེད་པའི་འགྲིམ་འགྲུལ་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་བརྒྱད་བྱིན།

མ་དངུལ་དེ་བྱིན་རྗེས། རྒྱལ་ལམ་ལ་གཏོར་བརླག་ཐེབས་ནས་སླར་གསོ་དང་བསྐྱར་འཛུགས་བྱེད་པ་སོགས་ཀྱི་ལས་གཞི་བཅུ་གཅིག་ད་ལོར་འཛུགས་སྐྲུན་བྱེད་པའི་མ་དངུལ་ཁྱོན་ཡོངས་ནས་དོན་ཐོག་ཏུ་དངོས་འབེབས་བྱས་ནས། ལས་གཞི་སོ་སོ་ཁྱོན་ཡོངས་ནས་ལས་འགོ་རྩོམ་པར་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱས། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ་རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་ཐེབས་རྗེས་སུ་སླར་གསོ་དང་བསྐྱར་འཛུགས་བྱེད་པའི་འགྲིམ་འགྲུལ་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་ས་ཡ་བདུན་འབྱོར་བ་དང་། དེས་འཆར་འགོད་ཀྱི་སྤྱིའི་མ་དངུལ་གཏོང་བའི་བརྒྱ་ཆའི་ང་བརྒྱད་ལྷག་ཟིན་པས། གནོད་ཐེབས་རྗེས་སུ་སླར་གསོ་དང་བསྐྱར་འཛུགས་བྱེད་པའི་འགྲིམ་འགྲུལ་སྒྲིག་ཆས་འཛུགས་སྐྲུན་རིགས་ཀྱི་ལས་གཞིའི་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

གོ་རིམ་རྗེས་མར་ཞིང་ཆེན་ནོར་སྲིད་ཐིན་གྱིས་རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་ཐེབས་རྗེས་སུ་སླར་གསོ་དང་བསྐྱར་འཛུགས་བྱེད་པའི་འགྲིམ་འགྲུལ་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་སོགས་ཀྱི་མ་དངུལ་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་སྟེ། ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་ལས་གཞི་མྱུར་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། མ་དངུལ་བཀོད་གཏོང་ལག་བསྟར་བྱ་བ་བཟང་བོར་བསྒྲུབ་པ། ལག་བསྟར་བྱེད་ཚད་ལྟར་ལས་གཞིའི་མ་དངུལ་དུས་ལྟར་བྱིན་ནས། མ་དངུལ་ནུས་ལྡན་སྒོས་བཀོལ་སྤྱོད་བྱེད་རྒྱུ་འགན་སྲུང་བྱེད་པ་དང་མ་དངུལ་གྱི་ཕན་འབྲས་ནུས་ལྡན་སྒོས་འདོན་སྤེལ་བྱེད་རྒྱུ་རེད།

                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།