མཚོ་ནུབ་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས།
2022.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས།

མཚོ་ནུབ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་དང་དམ་པོར་སྦྲེལ་བ་དང་། ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན་གྱི་ཉམས་མྱོང་གསལ་བོར་ཤེས་པར་བྱེད་པ། ཐོན་ཁུངས་ཁྱད་སྟོབས་དང་ཁུལ་གནས་ཁྱད་སྟོབས། རྨང་གཞིའི་ཁྱད་སྟོབས་གཅིག་སྡུད་བྱེད་པ། ཏན་ཏིག་སྒོས་བློ་བརྟན་འགྱུར་མེད་བརྒྱད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་གཏོང་བ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དུས་རབས་ཀྱི་རྒྱུགས་ལན་བཟང་བོ་སྤྲོད་ངེས་རེད།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།