སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་དོན་སྒྲོག་འགྲེལ་བྱ་འགུལ་དྲ་ཐོག་ནས་དངོས་སུ་སྤེལ།
2022.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་དྲུག་པའི་ཚེས་ལྔ་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་དུས་ང་ནི་དང་བླངས་པ་ཡིན་ཞེས་པའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་བརྗོད་དོན་སྒྲོག་འགྲེལ་བྱ་འགུལ་དྲ་ཐོག་ནས་དངོས་སུ་སྤེལ།

ཟླ་དྲུག་པའི་ཚེས་ལྔ་ཉིན་ནས་ཚེས་དགུ་ཉིན་བར་གྱི་སྔ་དྲོའི་ཆུ་ཚོད་བཅུའི་བར་དུ། སོ་སོར་ཀྲུང་གོ་ཚན་རིག་གླིང་སྲོག་ཆགས་རིག་པའི་རབ་འབྱམས་པ་ཚའེ་ཀྲིན་ཡོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་བ་ཝང་ཀུའེ་ལན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་གནད་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་ཏི་ཧུའེ། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིས་ཞའོ་ལུང་བཅས་ཀྱིས་རི་དྭགས་གཙོད་ཀྱི་འགྲོ་འཆག་ཉལ་འདུག་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་ནན་མོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་དུས་ང་རང་དང་བླངས་པ་ཡིན།  རང་བྱུང་བརྩམས་ཆོས་ལ་བརྟེན་ནས་མཚོ་སྔོན་པོའི་རང་བྱུང་གཏམ་རྒྱུད་བཤད་པ་སོགས་བརྗོད་དོན་དུ་བྱས་ནས་སྒྲོག་འགྲེལ་བྱས་པ་མ་ཟད། སྐད་འཕྲིན་དང་འཁྱུག་དབྱངས། མགྱོགས་འཕྲིན་བཅས་སྟེགས་བུ་ཆེན་པོ་གསུམ་ནས་མཉམ་དུ་ཐད་གཏོང་བྱེད་རྒྱུ་རེད།

དེ་ལས་གཞན། ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་སྤེལ་འགོ་བརྩམས་པའི2022ལོའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་དྲ་ཐོག་དྲིལ་སྒྲོག་གཟའ་འཁོར་ཁྲོད་ཀྲུང་གོ་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས་ཞེས་པའི་བརྗོད་དོན་གླུ་དབྱངས་བླངས་པ་དང་། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བརྗོད་དོན་དྲིལ་སྒྲོག་ཁྱབ་བརྡ་འགྲེམ་སྟོན་དང་སྐྱེ་ཁམས་བརྙན་པར་བརྩམས་ཆོས་དྲ་ཐོག་ནས་འགྲེམ་སྒྲོག་བྱེད་པ། ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་དྲ་ཐོག་ནས་འགྲེམ་སྟོན་བྱེད་པ་སོགས་ཀྱི་བྱ་འགུལ་ཡང་སྤེལ་བཞིན་པའི་སྒང་རེད།

བྱ་འགུལ་སྤེལ་བའི་ཚུན་དུ། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་ཐོབ་པ་མ་ཟད་དེའི་ཁྲོད་ཟབ་ཞུགས་བྱས་ཏེ། མི་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་སྔར་ལས་མཐོར་འདེགས་གཏོང་བ་དང་། ལས་རིགས་སོ་སོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན།

རིན་ཆེན་མཚོས་བསྒྱུར།