རང་ཞིང་གིས་འབྲུ་རིགས་འདེབས་པའི་ཞིང་བའི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་མ་དངུལ་བསྡོམས་པས་སྒོར་བྱེ་བ་ལྔ་དང་ས་ཡ་དགུ་འབུམ་བདུན་ཁྲི་དྲུག་བརྩོན་ལེན་བྱས།
2022.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། ཞིང་སྤྱོད་དངོས་རིགས་ཚོང་རའི་རིན་གོང་འཕར་བར་བརྟེན་ནས་འབྲུ་རིགས་འདེབས་པའི་ཞིང་བའི་འགྲོ་གྲོན་ཇེ་མང་དུ་སོང་བར་ཁ་གཏད་འཇལ་བ་དང་། འབྲུ་རིགས་འདེབས་པའི་ཞིང་བའི་ལུགས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ཟླ་ལྔ་པའི་ཟླ་མཇུག་བར་དུ། རང་ཞིང་གིས་བསྡོམས་པས་འབྲུ་རིགས་འདེབས་པའི་ཞིང་པའི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་དགུ་འབུམ་བདུན་ཁྲི་དྲུག་བརྩོན་ལེན་བྱས་པ་དང་། དེ་གཙོ་བོར་རང་ཡོད་འགན་ལེན་ས་ཞིང་སྟེང་འབྲུ་རིགས་འདེབས་པའི་ཞིང་བ་དང་། འཁོར་རྒྱུག་ས་ཞིང་སྟེང་འབྲུ་རིགས་འདེབས་པའི་ཁྱིམ་ཚང་དང་ཁྱིམ་ཚང་རང་བཞིན་གྱི་ཞིང་ར། ཞིང་བའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་རིགས་གསར་བའི་ཚོང་གཉེར་གཙོ་གཞི་ལ་ཁ་གསབ་བྱེད་པ་དང་། འབྲུ་རིགས་འདེབས་འཛུགས་དང་བསྡུ་བའི་གོ་རིམ་ཧྲིལ་བོ་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རུ་བསྒྱུར་བའི་མི་སྒེར་དང་རྩ་འཛུགས་ལ་ཁ་གསབ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། དམངས་ཕན་ཞིང་ཕན་གྱི་ཁ་གསབ་བྱང་བུའི་རྣམ་པ་བརྒྱུད་དེ། ཟླ་དྲུག་པའི་ཟླ་མཇུག་བར་དུ་སྒོར་དེ་དག་དངོས་སུ་འབྲུ་རིགས་འདེབས་པའི་ཞིང་བའི་ལག་ཏུ་འབྱོར་བར་ཁག་ཐེག་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།