མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པར་འཆར་འགོད་བྱས།
2022.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ།   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་ལ་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱས་པ་དང་།   ལག་བསྟར་དོན་འཁྱོལ་བྱ་བའི་བསམ་ཕྱོགས་བྱེད་ཐབས་ལ་བསམ་གཞིགས་བཏང་བ་དང་འཆར་འགོད་བྱས་པར་མ་ཟད།    ཏང་གི་ཚོགས་ཆེན་གྱི་དགོངས་དོན་སྤྱད་དེ་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་འདྲིལ།   ངར་ཤུགས་གཅིག་སྒྲིལ་བྱས་ཏེ་མཚོ་ལྷོ་གསར་པ་འཛུགས་སྐྲུན་གྱི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་འདེད་བཏང་།

མཚོ་ལྷོ་ཁུལ་གྱི་གོང་འོག་ཚང་མས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་།      སྡེ་ཁག་སོ་སོས་ལས་བགོས་འགན་གཉེར་བྱ་བར་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་འཆར་འགོད་ནན་མོ་བྱེད་པ་དང་དོན་ཚན་རེ་རེ་བཞིན་ལག་བསྟར་བྱེད་ཐབས་གཏན་འབེབས་བྱེད་པ།   གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་ལས་འགན་སོ་སོ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐུལ་འདེད་པ་བཟང་བོ་བྱ་དགོས།    དེར་མ་ཟད།    ཞིང་ཆེན་ཏང་ཨུའི་གཏན་འབེབས་བྱས་པའི་ལམ་ཐིག་པར་རིས་དང་ལག་བསྟར་པར་རིས་ལ་དམ་དུ་དམིགས་ནས་འགྱུར་བ་མེད་པ་བརྒྱད་ དང་རིགས་སོ་སོའི་བྱ་བ་གཙོ་བོ་དམ་པོར་འཛིན་པ་དང་།   མཚོ་ལྷོས་མགྱོགས་མྱུར་ངང་དག་གཙང་ནུས་ཁུངས་ཐོན་ལས་གྱི་མཐོ་གནས་འཛུགས་སྐྲུན་བྱེད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ་འཛུགས་སྐྲུན་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་།  དེ་མིན་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ཀྱིས་གྲངས་ཀའི་དཔལ་འབྱོར་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་བཅས་དང་ཟུལ་འབྲེལ་དམ་པོ་བྱེད་པ་སོགས་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རུ་ཁག་བཟང་བོ་བྱ་དགོས།

མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་བཏོན་པའི་ལས་འགན་གསར་པ་དང་བླང་བྱ་གསར་པར་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པ་དང་།  རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ།    ལངས་གནས་ཇེ་མཐོར་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ།   སྙིང་སྟོབས་ཆེར་བསྐྱེད་དང་འགན་ཁུར་དངོས་སྒྲུབ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་བྱེ་བྲག་གི་བྱ་བ་རེ་རེའི་ཁྲོད་དོན་འཁྱོལ་བྱེད་པ་དང་།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བའི་ཁྲོད་ཀྱི་མཚོ་ལྷོའི་ས་བཅད་བཟང་བོར་འབྲི་དགོས།

                                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།