མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་མཉམ་དུ་འབྲི་ཆུའི་བཞུར་རྒྱུད་ཀྱི་ཁྲིམས་འཛིན་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་།
2022.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁོངས་གཙོ་བོའི་ལོ་བཅུའི་ཉ་གསོ་ལས་རིགས་འགོག་བཅོས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་མཉམ་ལས་གྲོས་མཐུན་བཀོད་ནས་ལོ་གཅིག་ལོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་སི་ཁྲོན་དཀར་མཛེས་ཁུལ་དང་དེའི་ཁོངས་གཏོགས་ཀྱི་རྫོང་སོ་སོའི་བར་འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁོངས་གཙོ་བོའི་ལོ་བཅུའི་ཉ་གསོ་ལས་རིགས་འགོག་བཅོས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་མཉམ་ལས་གྲོས་མཐུན་བཀོད་དེ། འབྲི་ཆུའི་ནང་གི་ཉ་འཛིན་པར་བཀག་འགོག་བྱེད་པའི་ཐད་ཀྱི་ཁྱིམ་མཚེས་ཆུ་ཁོངས་གཙོ་བོའི་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་བཏང་བ་དང་། མཉམ་འབྲེལ་ཁྲིམས་འཛིན་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་།

གྲོས་མཐུན་ནང་མཉམ་འབྲེལ་གྲོས་མོལ་ལམ་ལུགས་དང་ཁྲིམས་འཛིན་འབྲེལ་འདྲིས་མི་སྣའི་ལམ་ལུགས། མཉམ་འབྲེལ་སྐོར་ཞིབ་རྐྱེན་སྲོལ། མཉམ་ལས་མཉམ་སྐྱོང་རྐྱེན་སྲོལ། འཕྲལ་བསྟུན་མཉམ་ལས་རྐྱེན་སྲོལ། ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་སོགས་འཛུགས་པའི་ནང་དོན་ཐད་ནས་འཆར་འགོད་བཟང་བོ་བྱས། གྲོས་མཐུན་གྱི་བཀོད་སྒྲིག་ལྟར། ས་ཆ་སོ་སོའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཉམ་འབྲེལ་ཁྲིམས་འཛིན་དང་བསྣོལ་བསྲེས་ཁྲིམས་འཛིན་སྤེལ་ནས། ས་ཁོངས་བརྒལ་བ་དང་ས་མཚམས་ཆུ་ཁོངས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱས་པ་དང་། ཆུ་ཁོངས་གཙོ་བོའི་ཁྲིམས་འཛིན་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

དེ་དང་མཉམ་དུ། ས་ཆ་སོ་སོའི་ཞིང་ལས་ཕྱོགས་བསྡུས་ལག་བསྟར་ཁྲིམས་འཛིན་སྡེ་ཁག་གིས་མུ་མཐུད་དུ་ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཉ་འཛིན་བཀག་འགོག་གི་དྲ་མིག་ཇེ་དམ་དུ་གཏོང་བ། རྡུང་རྡེག་གི་མཉམ་ཤུགས་གྲུབ་པར་བྱེད་པ། ཁོངས་བརྒལ་དང་ས་མཚམས་ཆུ་ཁོངས་ཀྱི་ཉ་འཛིན་བཀག་འགོག་ཐད་ཀྱི་ཁྲིམས་འཛིན་ལྟ་སྐུལ་ཤུགས་སྣོན་པ། མཉམ་དུ་རིགས་མི་འདྲ་བའི་ཉ་གསོ་བ་དང་འབྲེལ་བའི་ཁྲིམས་འགལ་བྱ་འགུལ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བྱེད་པ། ཁྲིམས་འགལ་ཉ་འཛིན་དང་སྐྱེལ་འདྲེན། ཉོ་ཚོང་བྱེད་པའི་ཐོན་ལས་འབྲེལ་ཐག་གཏན་ནས་མཚམས་བཅད་དེ། འབྲི་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ཀྱི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་རེད།