ཡུས་ཧྲུའུ་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཐད་ཀྱི་རེས་སྐོར་གསོ་སྦྱོང་སྤེལ།
2022.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྔར་ལས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་ཆེད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་སྔོན་དུས་ཀྱི་ཆེད་དོན་སློབ་སྦྱོང་ཞིབ་སྡུར་གྱི་རྨང་གཞིའི་སྟེང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དུས་དང་ཁག་བགོས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་ཁ་ཕྱོགས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཅིག་བསྡུས་རེས་སྐོར་གསོ་སྦྱོང་སྤེལ་བ་དང་། ཉེ་སྔོན། སྐབས་དང་པོའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་ཡུས་ཧྲུའུ་ཁུལ་ཏང་གི་སློབ་གྲྭ་རུ་བསྡུས།

རེས་སྐོར་གསོ་སྦྱོང་གིས་དྲིལ་སྒྲོག་སྡེ་ཁག་གིས་སློབ་སྦྱོང་དང་དྲིལ་སྒྲོག་གི་ཇུས་གཞི་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་། དྲིལ་སྒྲོག་བཟང་བོ་བྱས་ནས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་དགོས། སྐད་འཕྲིན་སྤྱི་སྟེགས་དང་བརྙན་འཕྲིན་ཁང་དང་སྨྱན་བྱད་གསར་བའི་སྟེགས་བུའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལས་ཁུངས་དང་འབྲོག་ཁུལ། སློབ་ར། དམག་སྒར། དགོན་སྡེ། ཁེ་ལས། གཞིས་ཁུལ་བཅས་སུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་པར་བྱེད་དགོས། དེ་དང་མཉམ་དུ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པར་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་གཏན་འཇགས་དང་གྲོང་གསེབ་དར་སྤེལ། གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་བྱ་བ་གཙོ་བོ་དམ་འཛིན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བའི་ཐད་སྤྱི་ཚོགས་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རེས་སྐོར་གསོ་སྦྱོང་ཐད་ནས་དགོངས་དོན་འགྲེལ་ཀློག་དང་གཞུང་ལུགས་མཛུབ་སྟོན། ཞིང་ཆེན་ཏང་གི་འཐུས་མིས་མྱོང་ཚོར་གླེང་བ། ཡུལ་དངོས་སློབ་ཁྲིད་བྱེད་པ། ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་བསྡུས་པ་དང་། མ་རྩོམ་སློབ་པ་དང་ཟུར་ཁྲིད་ལ་ཉན་པ། མྱོང་ཚོར་གླེང་བ་བརྒྱུད་དེ། གསོ་སྦྱོང་ལ་ཞུགས་པའི་མི་སྣས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་པའི་སྙིང་བོ་དང་གོ་དོན་གཙོ་བོར་ཁྱོན་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ལོ་རྒྱུས་དོན་སྙིང་དང་མཛུབ་སྟོན་དོན་སྙིང་། ལག་ལེན་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གྱི་ཟུང་འབྲེལ་གནས་དང་ཤུགས་འདོན་ས་ཡང་དག་པར་བཙལ་བར་རོགས་འདེགས་བྱས། ཐེངས་འདིའི་རེས་སྐོར་གསོ་སྦྱོང་ལ་ཞུགས་པའི་མི་སྣ་ཐད་ནས་ཡུས་ཧྲུའུ་ཁུལ་གྱི་ཐད་གཏོགས་སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཁུལ་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་གྱི་ཏང་ཨུའི་ཧྲུའུ་ཅི་དང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་། སྲང་ལམ་གྱི་རྩ་འཛུགས་ཨུ་ཡོན། སྡེ་བ་དང་གཞིས་ཁུལ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། གསར་གཉིས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་འདུ།

རིན་ཆེན་མཚོས་བསྒྱུར།