མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱ་བའི་རྣམ་པ་གསར་བ་བསྐྲུན།
2022.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་དྲུག་པའི་ཚེས་བདུན་ཉིན་ཞིང་ཆེན་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་མ་ལག་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗེ་རེས་བགྲོ་གླེང་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སློབ་སྦྱོང་དང་ལག་བསྟར་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། བྱ་བ་འཆར་འགོད་བྱེད་པའི་བསམ་ཕྱོགས་ཁ་གསལ་བ་དང་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། བྱ་བ་གནད་ལ་འཁེལ་བ་དང་ཤུགས་ལྡན་པར་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་བུད་མེད་བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་མ་ལག་གིས་གོ་རིམ་རྗེས་མའི་བྱ་བའི་ཁྲོད་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་པ་དང་། དམར་པོའི་ཐོན་ཁུངས་ལ་ཟུང་འབྲེལ་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ཀྱི་དྲིལ་སྒྲོག་བཟང་བོར་སྤེལ་བ་དང་། དཔེ་མཚོན་དྲིལ་སྒྲོག་གི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་རྒྱུ་རེད། བུད་མེད་ཀྱི་འབོད་སྒྲ་ཞེས་པའི་སློབ་སྦྱོང་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། མཉམ་འབྲེལ་དྲ་རྒྱ་སོགས་ཀྱི་སློབ་སྦྱོང་རྣམ་པ་རྒྱ་བསྐྱེད་པ། བུད་མེད་ཀྱི་ཁྱིམ་ཚང་ཞེས་པའི་གཡུལ་སའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་ཡུལ་དངོས་སུ་བསྐྱོད་པ། མཛངས་མའི་སེམས་པ་ཏང་ལ་ཕྱོགས་པ་དང་། ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་ཞེས་པའི་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་ལ་དམིགས་ནས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་ལག་བསྟར་ནན་མོ་བྱེད་རྒྱུ་རེད།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་ཇེ་དྲག་ཏུ་གཏོང་བ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་རྣམ་གསར་བ་དང་གསར་དུ་ལས་ཞུགས་བྱས་པའི་མི་ཚོགས་དང་བུད་མེད་ཁྲོད་རྒྱ་བསྐྱེད་པ། གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་ཆེར་བསྐྱེད་དེ། བུད་མེད་ལས་བྱེད་པའི་ལས་གཉེར་ལས་སྐྲུན་གྱི་སྤོབས་པ་ཆེར་བསྐྱེད་རྒྱུ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པ་དང་། ང་རང་དང་བླངས་པ་ཡིན་ཞེས་པ་སོགས་རིགས་མི་འདྲ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་བྱ་འགུལ་སྤེལ་ནས། བུད་མེད་མང་ཚོགས་ཀྱིས་མཛེས་སྡུག་གི་ཁྱིམ་གཞི་བསྐྲུན་པ་དང་དཔལ་ཡོན་གྱི་སྲོལ་གསར་འཛུགས་པར་སྣེ་ཁྲིད་བྱེད་རྒྱུ་ཡིན་ལ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་དམིགས་པ་དང་། ཁྱིམ་ཚང་བདེ་སྐྱིད་བདེ་ཐང་གི་བཟོ་སྐྲུན་སྤེལ་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྱིམ་ཚང་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་རོགས་འདེགས་བྱེད་པ། བརྟན་པོ་དང་གསོན་ཤུགས་ལྡན་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་མཛངས་མའི་སྟོབས་ཤུགས་འབུལ་བ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།