རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱས།
2022.06.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ་དྲུག་པའི་ཚེས་བཅུ་དགུ་ ་ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སོ་བརྒྱད་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་ཉེར་བཞི་ཡོད་ལ། རང་ས་གནས་ཀྱི་ནད་པ་བཅུ་བཞི་ཡོད།  སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་སྒོར་བུད་པའི་ནད་པ་རེ་བརྒྱད་ཡོད། ནད་རྟགས་ངོས་བཟུང་མེད་པའི་ནད་པ་དོན་གཅིག་ཡོད་ཅིང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་རེ་གཅིག་ཡོད་པ་དང་། རང་ས་གནས་ཀྱི་ནད་པ་བཅུ་ཡོད། ཉིན་དེར་སྨན་བཅོས་ལྟ་སྐྱོང་ལས་གློད་པའི་ནད་རྟགས་མི་མངོན་པའི་ནད་པ་དོན་གཉིས་ཡོད། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་བརྒྱད་བརྒྱ་བཞི་ཅུ་ཡོད། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་བར་དུ། ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བྱེ་བ་དགུ་ས་ཡ་ལྔ་ཁྲི་གཉིས་སྟོང་དྲུག་ལ་བརྒྱབ།

ཤ་བོ་གསེར་མཚོས་བསྒྱུར།