སྲིད་ཇུས་དྲིལ་སྒྲོག་གི་སྟེགས་བུ་སྣ་ཚོགས་ཡོད་པའི་གོང་སྨད་ཡུལ་ཚོ།
2022.06.26 ཁུངས། ཀློག་གྲངས། 21

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྨད་ཡུལ་ཚོས་དྲིལ་སྒྲོག་བྱེད་ཐབས་སྣ་མང་ལ་བརྟེན་ནས་རང་ཞིང་གི་ཏང་གི་འཐུས་མི་ཚོཊ་ཆེན་ཐེངས་བཅུ་བཞི་པའི་་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་རྒྱ་ཆེར་བྱས།

     ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྨད་ཡུལ་ཚོས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དགེ་མཚན་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱ་ཆེད། ཡུལ་ཚོའི་ནང་དུ་གྲོང་གསེབ་ཏང་གི་སློབ་གྲྭ་དང་གསར་འགྱུར་སྒྲོག་སྤེལ་ལྟེ་གནས། སྐྱ་མི་སྒྲོག་འགྲེལ་རུ་ཁག་སོགས་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་སྟེགས་བུ་མང་པོ་བཙུགས་ཏེ། དུས་བཅད་ལྟར་གཞི་རིམ་ཏང་ཡོན་ཟབ་སྦྱོང་དང་ཏང་གི་སྲིད་ཇུས་སྣ་ཚོགས་དྲིལ་སྒྲོག་དང་ཁྲིམས་ལུགས་སློབ་གསོ་ཁྱབ་བརྡལ་བཅས་བྱས་སྟབས། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། གོང་སྨད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ངག་དབང་གིས་བཤད་རྒྱུར།

གོང་སྨད་ཡུལ་ཚོའི་གྲོང་གསེབ་ཏང་གི་སློབ་གྲྭས་ཐོག་མཐའ་བར་གསུམ་ཏུ་དངོས་ཐོག་བདེན་འཚོལ་གཙོར་བཟུང་ནས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ལོ་རྒྱུས་རིན་ཐང་ལྡན་པའི་རྒྱུ་ཆ་སྣ་ཚོགས་ཉར་ཚགས་བྱས་ཤིང་ཏང་གི་ལོ་བརྒྱའི་རིང་གི་གྲུབ་འབྲས་གལ་ཆེན་རེའུ་མིག་ཏུ་བཀོད་པ་དང་དཔེ་མཚོན་མིག་དཔེ་མི་སྣའི་སྣང་བརྙན་པར་རིས་སུ་བཀོད་ནས། ཏང་གི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏང་བར་སྔོན་འགྲོའི་རྨང་གཞི་བསྐྲུན། ཏང་འཛུགས་ཀྱིས་སྣེ་ཁྲིད་པའི་གྲོང་གསེབ་དར་སྤེལ་འགྲེམ་སྟོན་ཁང་གིས་ཏང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་དང་ཟུང་འབྲེལ་གྱིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག   སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་གཞུང་ལུགས་ལ་དམིགས་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྱད་ལྡན་ཐོན་རྫས་སྣ་མང་འདོན་སྤེལ་བྱེད་ཀྱིན་ཡོད་པ་མ་ཟད། མི་རིགས་ལག་ཤེས་ཐོན་ལས་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། གོང་སྨད་ཡུལ་ཚོ་བྲག་ཤར་སྡེ་བའི་ཏང་ནང་ཞུགས་ནས་ལོ་ལྔ་བཅུ་ལྷག་འགོར་བའི་ལོ་དོན་བརྒྱད་ཅན་གྱི་ཏང་ཡོན་རྒན་པ་བསྟན་འཛིན་གྱིས་བཤད་རྒྱུར།  

    གོང་སྨད་ཡུལ་ཚོས་ད་རུང་ས་གནས་རང་བཞིན་གྱི་གསར་འགྱུར་སྒྲོག་སྤེལ་ལྟེ་གནས་ཤིག་བཙུགས་ཏེ། དུས་ལྟར་གཟའ་འཁོར་གཅིག་རིང་གི་ཡུལ་ཚོའི་བྱ་བ་སྣ་ཚོགས་ཕྱོགས་བསྡུས་གསར་འགྱུར་དང་བརྙན་ཐུང་གི་ལམ་ནས་རྒྱ་ཆེའི་མང་ཚོགས་ཁྲོད་སྒྲོག་སྤེལ་བྱེད་ཅི་ཐུབ་བྱེད་ཀྱིན་འདུག ཐེངས་འདིར་ཡང་གོང་སྨད་ཡུལ་ཚོས་ཀྱང་དྲིལ་སྒྲོག་སྟེགས་བུ་དེ་དག་སྤྱད་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དྲིལ་སྒྲོག་དང་ཟབ་སྦྱོང་གང་མང་བྱས་སྟབས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་སྔར་ལས་སྲ་བརྟན་ཏུ་བཏང་། འདིའི་སྐོར་ནས་ཡུལ་ཚོའི་སྙན་སྒྲོན་པ་སྟག་འབུམ་ཐར་གྱིས་བཤད་རྒྱུར།

   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྨད་ཡུལ་ཚོས་སྡེ་བ་སོ་སོའི་མང་ཚོགས་རྣམས་ལ་ཞིང་གྲོང་ཏང་གི་སློབ་གྲྭ་དང་གསར་འགྱུར་སྒྲོག་སྤེལ་ལྟེ་གནས། སྐྱ་མི་སྒྲོག་འགྲེལ་རུ་ཁག་བཅས་ལ་བརྟེན་ནས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དྲིལ་སྒྲོག་བྱས་པས། མང་ཚོགས་རྣམས་ཀྱི་་སྲིད་ཇུས་ཀྱི་གོ་རྟོགས་མཐོ་རུ་སོང་ལ། དེ་དང་མཉམ་དུ་སྡེ་བའི་ཏང་རྩ་འཛུགས་ཀྱིས་སྔར་ལས་མཐུན་སྒྲིལ་གྱི་དཔུང་ཤུགས་གཅིག་ཏུ་སྦྲེལ་ནས། སྡེ་བའི་གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་ཕྱོགས་སུ་སྐུལ་ཁྲིད་ཀྱི་ནུས་པ་བླ་ལྷག་ཐོན་སོང་པས། ཀུན་གྱིས་འབད་འཐབ་ཀྱི་གྲུབ་འབྲས་སྣ་ཚོགས་བླངས་ཏེ་ཀྲུང་དབྱང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་བསུ་མ་བྱེད་ཀྱིན་འདུག 

གོང་སྨད་ཡུལ་ཚོས་གསར་རྙེད་བྱུང་བའི་རྡོ་བརྐོས་གསུངས་བཏུས། 

  

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། 

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།