རྩྭ་ཐང་ན་ཏང་འཐུས་ཚོཊ་ཆེན་སྒྲོག་འགྲེལ་གྱི་ཡོ་ལང་རྣམ་པར་རྒྱས།
2022.06.26 ཁུངས། ཀློག་གྲངས། 21

    -----མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ས་གནས་མང་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་། 

 ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་ནས་ཟླ་གཅིག་འགོར་ལ་ཉེ་བའི་སྐབས་འདིར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དག་བདེ་རྫོང་གིས་རྫོང་རིམ་པ་དང་ཡུལ་ཚོ་རིམ་པ།སྡེ་བ་རིམ་པ་བྱས་ཏེ། ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་གྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པའི་སྒང་རེད། གསར་འགོད་པ་དགའ་བདེ་རྫོང་ལ་ཐོན་དུས། དགའ་བདེ་རྫོང་ཞིང་ཆེན་ཏང་གི་འཐུས་མི་ཉི་མ་ལྷ་མོས་རྫོང་ཏང་གི་སློབ་གྲྭའི་དགེ་རྒན་ཞིག་དང་མཉམ་དུ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་རུ་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་ཀྱིན་འདུག  ཐེངས་འདིའི་སྒྲོག་འགྲེལ་ནི་གཙོ་བོ་རྩྭ་ཐང་ནས་སྡེ་བ་སོ་སོའི་ཏང་རྩ་འཛུགས་དང་རུ་གཙོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། རི་སྔོ་ཆུ་དྭངས་ཀྱི་སྤང་ཁུད་ནས་སྲིད་ཇུས་ཀྱི་དགོངས་དོན་སྒྲོག་འདོན་བྱས་པ་རེད་ལ། སྡེ་བ་སོ་སོའི་ཏང་ཡོན་དང་འཐུས་ཚབ་མི་སྣ་སུམ་ཅུ་ལྷག་གིས་ལག་ཏུ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ནང་དོན་གནད་བསྡུས་བྱས་པའི་རྒྱ་བོད་ཤན་སྦྱར་གྱི་རྒྱུ་ཆའི་དེབ་ཆུང་ཞིག་བཟུང་ནས།ཚོགས་འདུའི་དགོངས་དོན་ལ་གཟབ་ནན་གྱིས་ཉན་བཞིན་འདུག སྒྲོག་བཤད་ཀྱི་ལས་ཀ་ཚར་རྗེས།ཉི་མ་ལྷ་མོས་བཤད་རྒྱུར། 

     ཐེངས་འདིའི་ཚོགས་འདུ་མཇུག་སྒྲིལ་རྗེས།དགའ་བདེ་རྫོང་གི་ཁེ་ལས་གཙོ་གྲས་ཏེ། རྐྱང་ཆད་ཡུལ་ཚོའི་གངས་རིའི་ཞིང་འབྲོག་ཅེས་པའི་མཉམ་ལས་ཁང་གི་འགོ་གཙོས་རང་ཉིད་ཏང་ཡོན་ཞིག་ཡིན་པའི་ངོས་ནས། མ་འོངས་པའི་དུས་ཚོད་ནང་དུ་རྐྱང་ཆད་ཡུལ་ཚོའི་ས་གནས་མང་ཚོགས་རྣམས་ལ་མཉམ་ལས་ཁང་གི་ནང་དུ་ལས་ཞུགས་བྱེད་པའི་གོ་སྐབས་སྔར་ལས་མང་པོ་བསྐྲུན་ཏེ།ཡུལ་ཚོའི་མང་ཚོགས་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོ་བཙལ་ཆོག་པར་བྱེད་རྒྱུའི་ཁས་ལེན་དམ་བཅའ་བཞག་པས།ཡུལ་ཚོ་སྲིད་གཞུང་དང་ཏང་གི་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཁོའི་ཏང་གཤིས་ཀྱིས་སྣེ་ཁྲིད་པའི་རང་གཞན་གཉིས་ཕན་གྱི་བྱ་ལས་དེ་ལ་ཁས་ལེན་གང་ལེགས་ཐོབ། 

 དགའ་བདེ་རྫོང་ཏང་གི་སློབ་གྲྭའི་དགེ་རྒན་བགེགས་འཇོམས་རྡོ་རྗེ་ནི་རྒྱུན་དུ་ཡུལ་ཚོ་སོ་སོར་སོང་ནས་ཏང་གི་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱེད་ཀྱིན་ཡོད་པས། ཁོས་མང་ཚོགས་ཀྱིས་ཉན་བདེ་ཞིང་གོ་བ་ལེན་སླ་བའི་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས།ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་བྱུང་། ཁོས་བཤད་རྒྱུར། 

    མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་་ལ་སྡེ་བ་བཞི་དང་ཁྱིམ་ཚང་སྟོང་གཅིག་དང་བརྒྱ་དང་གཉིས་ཡོད། མི་གྲངས་སྟོང་བཞི་ཉིས་བརྒྱ་ང་དྲུག་ཡོད། ཏང་ཡོན་བརྒྱ་དང་དྲུག་ཡོད། ཐེངས་འདིའི་སྒྲོག་བཤད་ཚོགས་འདུ་ལ་སྡེ་བ་སོ་སོའི་འཐུས་ཚབ་མི་སྣ་ཚོས་སྒྲོག་བཤད་ཀྱི་ནང་དོན་ལ་གསལ་བོར་ཉན་རྗེས། ཁོ་ཚོས་ཕྱིར་རང་རང་གི་སྡེ་བའི་ནང་སོང་ནས་ཁྱིམ་ཚང་རེ་རེ་ཡི་སྙན་ལ་གསལ་བོར་སྒྲོག་དགོས་པ་རེད།རྐྱང་ཆད་ཡུལ་ཚོ་ཤེའུ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐང་པོས་བཤད་རྒྱུར། 

 རྐྱང་ཆད་ཡུལ་ཚོ་ཆ་ཆུ་ནག་སྡེ་བའི་ཨུ་ཡོན་བཞིན་པས་སྒྲོག་འགྲེལ་ལ་ཉན་རྗེས་རང་གི་མྱོང་ཚོར་ངོས་ནས་བཤད་རྒྱུར། 

   དགའ་བདེ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་རིན་ཆེན་རྒྱ་མཚོ་ཡིས་རྫོང་སྤྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་དྲིལ་སྒྲོག་བྱས་པའི་གནས་ཚུལ་ཐད་ནས་བཤད་རྒྱུར། 

  ཐེངས་འདིར་ཡུལ་ཚོ་སྲིད་གཞུང་གི་རྩ་འཛུགས་འོག་ནས།སྡེ་བ་སོ་སོའི་ཏང་ཡོན་དང་རུ་གཙོ་སོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཤིིང་། སློབ་སྦྱོང་གི་གོ་རིམ་ཁྲོད་ནས།མང་ཚོགས་རྣམས་ཀྱིས་འདས་ཟིན་པའི་ལོ་ལྔའི་རིང་གི་མཚོ་སྔོན་གྱི་བྱ་བའི་སྤྱི་བསྡོམས་དང་མ་འོངས་པའི་དམིགས་འབེན་སོགས་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས། སོ་སོ་རང་རང་གི་སྡེ་བའི་ནང་དུ་མང་ཚོགས་རེ་རེའི་སྙན་ལམ་དུ་སྒྲོན་པར་བུད་སོང་ལ། སྒྲོག་འགྲེལ་གྱི་བྱ་བ་འདིས་མ་འོངས་པར་རྐྱང་ཆད་ཡུལ་ཚོའི་སྡེ་བ་སོ་སོའི་གཞི་རིམ་ཏང་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་ཐད་བྱ་བ་ཇི་ལྟར་སྒྲུབ་རྒྱུར་མཛུབ་སྟོན་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་ཐོན་ཡོད་པ་མ་ཟད། ས་གནས་མང་ཚོགས་རྣམས་ཀྱིས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་པོའི་དངོས་འབེབ་ཁྲོད་ནས། ཀྲུང་དབྱང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བདེ་བླག་ངང་འཚོགས་པར་བསུ་མ་བྱེད་ཀྱིན་འདུག  

   གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། 

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།