མཐོ་སྒང་གི་ལས་བྱེད་པར་དཀའ་ཐུབ་ཀྱི་སྙིང་སྟོབས་ལྡན། ​
2022.06.29 ཁུངས། ཀློག་གྲངས། 19

___མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོའི་ལས་བྱེད་པ་རྣམས་ཀྱིས་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་འཚོག་པར་དགའ་བས་བསུ་བཞིན་འདུག

མཐོ་སྒང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ། དབྱང་རླུང་གིས་མི་འདང་བ་སོགས་ཀྱི་སྣང་ཚུལ་སྣ་ཚོགས་ཡོད་པས། དུས་ཡུན་རིང་བོར་མཐོ་སྒང་ནས་བྱ་བ་སྒྲུབ་ན་དཀའ་ཁག་ཤིན་ཏུ་ཆེན་པོ་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོ་ནི་མཚོ་འཕང་སྨི་བཞི་སྟོང་སུམ་བརྒྱའི་མཚམས་སུ་ཆགས་ཡོད་པས། ས་གནས་འདིར་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་པ་ཚོས་དཀའ་ངལ་སྣ་ཚོགས་ལ་གདོང་གཏད་དེ་རང་རང་གི་ལས་གནས་སྟེང་འབད་བརྩོན་བྱེད་ཀྱིན་ཡོད། གསང་རི་མ་ཡུལ་ཚོའི་ཏང་ཨུའི་ལས་བྱེད་མི་སྣ་བསོད་ནམས་སྒྲོལ་མས་བཤད་རྒྱུར།

ལུའུ་ཞིན་ཧུའུ་ནི་རྟ་ཐང་རྫོང་གི་མི་རེད། ཁོ་རང་གསང་རི་མ་ཡུལ་ཚོར་ཡོང་ནས་ལོ་དྲུག་འགོར་ཡོད། ལོ་ངོ་དྲུག་གི་རིང་ལ་མཐོ་སྒང་གི་ནམ་ཟླ་དང་ལས་ཀའི་གནོན་ཤུགས་དབང་གིས་ཁོའི་ལུས་ཕུང་རིད་ཅིང་ཁ་རུ་སེར་ཀ་གས་འདུག་ནའང་། ཁོས་སྔར་བཞིན་དཀའ་ངལ་ལ་མི་སྐྲག་པ་དང་རང་ཉིད་ལྷོད་གཡེང་མི་བྱེད་པ། དཀའ་སྤྱད་འབད་འཐབ་བཅས་ཀྱི་མཐོ་སྒང་གི་སྙིང་སྟོབས་དེ་རང་རྒྱུད་ལ་བླངས་ནས། ཡུལ་ཚོའི་སྲིད་གཞུང་གི་བྱ་བ་སྣ་ཚོགས་ལ་འཐུས་ཤོར་མེད་པར་བསྒྲུབས་དང་སྒྲུབ་མུས་སུ་མཆིས། ཁོས་བཤད་རྒྱུར།

དཔལ་ལྡན་འོད་ཟེར་ནི་རྒྱ་བོད་སྐད་གཉིས་ལ་བྱང་ཆ་དོད་ཅིང་ས་གནས་མང་ཚོགས་ལ་འདྲིས་ཆ་ཟབ་པའི་དར་ལག་རྫོང་གི་མི་ཞིག་རེད། ཁོས་གསང་རི་མ་ཡུལ་ཚོ་རུ་ཡུལ་ཚོའི་མངགས་གཏོང་ཁང་གི་འགོ་ཁྲིད་ཀྱི་འགན་འཁུར་འདུག  ཡུལ་ཚོ་འདི་ཉིད་མཚོ་སྔོན་ཞིང་ཆེན་དང་ཟི་ཁྲོན་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་ཆགས་འདུག་པས། ཁོས་ས་མཚམས་ཀྱི་མངགས་གཏོང་ཁང་གི་འཁུར་འོས་པའི་འགན་འཁྲི་ཡོད་ཚད་དང་དུ་བླངས་ནས། སྡེ་བ་ཕན་ཚུན་གྱི་འདུམ་འགྲིག་གྱོད་དོན་སྣ་ཚོགས་ཐག་གིས་གཅོད་པ་དང་། ཞིང་ཆེན་ཕྱི་ནང་གི་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་རླངས་འཁོར་དག་གི་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཕྱོགས་སུ་འབད་པས་འབུངས་ཀྱིན་འདུག ཁོས་བཤད་རྒྱུར།

གསང་རི་མ་ཡུལ་ཚོར་མཚོན་ན། རྒྱལ་ཁབ་ཀྱི་ལས་དོན་སྒྲིག་ཁོངས་སུ་ཚུད་པའི་ལས་བྱེད་པ་བཅུ་དགུ་ཡོད། ཡུལ་ཚོ་འདིར་སྔོན་ཆད་སྲིད་གཞུང་ནང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་སོགས་ཐད་ཞན་ཙམ་ཡོད་མོད། ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་ཡུལ་ཚོའི་ལས་བཟོ་བ་དག་ལ་གོང་རིམ་ནས་རྒྱབ་སྐྱོར་བླ་མེད་བྱས་ཏེ། ད་སྐབས་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཅིའི་ཐད་ལེགས་བཅོས་ཆེན་པོ་བྱུང་འདུག དེའི་ཐད་ནས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མཆོག་ལྡན་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་སྒང་ནས་བྱ་བ་སྒྲུབ་ན། ཆེས་དཀོན་པ་ནི་དབྱང་རླུང་ཡིན་ལ། ཆེས་རིན་ཐང་བྲལ་པ་ནི་སྙིང་སྟོབས་ཡིན་ཞེས་གསུངས་པ་བཞིན། གསང་རི་མ་ཡུལ་ཚོའི་ལས་བྱེད་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་བླང་བྱ་གལ་ཆེན་ལ་བརྩི་སྲུང་ནན་མོ་བྱས་ཏེ། མཐོ་སྒང་གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཁྱོངས་བྱས་ཏེ། མཐོ་སྒང་ནས་དབྱང་དབུགས་དཀོན་རུང་སྙིང་སྟོབས་ལ་འགྱུར་བ་མེད་པ་དང་། ནང་ལོགས་གྲོང་ཁྱེར་དང་བསྡུར་ན་དཔལ་འབྱོར་རྗེས་ལུས་ཡིན་རུང་བསམ་བློ་རྗེས་སུ་མི་ལུས་པའི་རྩ་དོན་རྒྱུན་འཁྱོངས་གཞིར་བཟུང་ནས།རང་གི་ནུས་ཚོད་ཀྱིས་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་བསུ་མ་བྱེད་ཀྱིན་ཡོད་ཟེར།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

དོ་དམ་པ། བསོད་ནམས་དོན་གྲུབ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།