ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མཐའ་སྐྱོང་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མཐའ་སྐྱོང་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་ནས་གཞི་རྩའི་དམངས་ཚིས་མཐའ་སྐྱོང་འགན་སྲུང་ནུས་པ་ཇེ་ཆེར་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་ལ་རོགས་འདེགས་བྱས།
མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ལམ་ལུགས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཕྱོགས་ནས། རང་ཞིང་གི་ས་གནས་སོ་སོས་ཆ་རྐྱེན་དང་འཚམ་པའི་འཚོ་བར་དཀའ་ཁག་ཆེ་བའི་ཁྱིམ་ཚང་དུས་ཐོག་ཏུ་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཁྱབ་ཁོངས་སུ་འཇོག་པར་མ་ཟད་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་དང་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ཇེ་མང་དུ་བཏང་ནས་སྟེར་ངེས་རེད། གནས་སྐབས་རྒུད་སྐྱོབ་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རྒུད་སྐྱོབ་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་རིམ་འཕར་དང་སྒྱུར་བཀོད་བྱས་ནས་མུ་མཐུད་དུ་སྤྱི་ཚོགས་རྒུད་སྐྱོབ་བྱ་བའི་རྐྱེན་སྲོལ་ཆ་ཚང་དང་འཐུས་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་རྒུད་སྐྱོབ་དང་ཚད་གཞི་འགན་སྲུང་བྱེད་པ་དེ་དངོས་གོང་འཕར་བ་དང་འབྲེལ་བ་ཡོད་པར་བྱས་ནས། ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་འགན་སྲུང་བྱེད་ངེས་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།