2022ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་དངོས་སུ་སྤེལ་འགོ་བརྩམས།
2022.07.03 ཁུངས། ཀློག་གྲངས། 42

ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཚན་རིག་མཐུན་ཚོགས། ཟི་ལིང་གྲོང་ཁྱེར་ལག་རྩལ་ཚན་རྩལ་ཅུའུ། ཧོང་ཀྲུང་ཆུའུ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཚན་རྩལ་ཁྱབ་གདལ་བརྗོད་སྙིང་དུ་བྱས་པའི2022ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་ཟི་ལིང་ཧོང་ཀྲུང་ཆུའུ་རུ་སྤེལ་འགོ་བརྩམས། ཟླ་བདུན་པའི་ཚེས་གཉིས་ཉིན་ནས་ཚེས་བརྒྱད་ཉིན་བར་གྱི་བྱ་འགུལ་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་རྣམ་པ་མང་པའི་མང་ཚོགས་རང་བཞིན་གྱི་ཚན་རྩལ་ཁྱབ་གདལ་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཚན་རྩལ་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར་དང་གནོད་འགོག་གནོད་སྐྱོབ་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སོགས་འདུ།

ད་ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་སྐབས་སུ། གཙོ་བོར་ཚན་རྩལ་གསར་སྐྲུན་གྲུབ་འབྲས་དང་དེང་རབས་ཚན་རྩལ་ཐོན་རྫས། ཐཱན་གཉིས། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ཀྱི་ནང་དོན་འགྲེམ་སྟོན་བྱེད་པ་དང་། ཚན་རྩལ་ཁྱབ་གདལ་འགྲེལ་བཤད་དང་ཚན་རྩལ་ཤེས་བྱའི་ཀློག་དེབ། སྲིད་ཇུས་གཙོ་བོ་དྲིལ་སྒྲོག ཚན་རྩལ་བརྗེ་རེས་མྱོང་ཚོར། བདེ་ཐང་བློ་འདྲི་སོགས་ཀྱི་ཁྱད་ལྡན་ཚན་རྩལ་ཁྱབ་གདལ་བྱ་འགུལ་སྤེལ་བ་བརྒྱུད་དེ། མང་ཚོགས་ཀྱི་ཚན་རྩལ་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། མང་ཚོགས་དེའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་རྒྱུ་ཡིན་ལ། མང་ཚོགས་ཀྱིས་དངོས་ཞུགས་ཁྲོད་ཚན་རྩལ་ཡར་ཐོན་དང་གསར་སྐྲུན་གྱི་ནུས་པར་མྱོང་ཚོར་བྱེད་ཐུབ་པར་བྱེད་པ་དང་། གསར་སྐྲུན་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱེད་པ་དང་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། གསར་སྐྲུན་ཁྲོད་ཞུགས་ནས། སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་ཆེར་སྐྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།