ཏང་གི་གསུང་སྐད་སྙན་མོ་འབྲོག་པའི་རྩྭ་ཐང་ཀུན་ལ་ཁྱབ།
2022.07.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 74

---མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འོད་ཟེར་ཡུལ་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་ཀྱིན་པའི་གནས་ཚུལ།  

སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱ་བ་ཏན་ཏིག་སྒོས་སྤེལ་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་གྱི་ལས་ཡུལ་དང་པོར་སྐྱོད་པར་སྐུལ་འདེད་བཏང་། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དྲིལ་སྒྲོག་པུའུ་ཡིས་ཁུལ་དང་རྫོང་གི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དཔལ་ཆེན་རྡོ་རྗེ་གདན་འདྲེན་ཞུས་ཏེ། འོད་ཟེར་ཡུལ་ཚོ་རུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་ཆེན་ཞིག་རྒྱ་ཆེར་བསྡུས་པ་དང་། ཐེངས་འདིའི་སྒྲོག་འགྲེལ་ཚོགས་ཆེན་སྟེང་དུ་འོད་ཟེར་ཡུལ་ཚོའི་ཏང་ཡོན་ལས་བྱེད་པ་དང་སྡེ་བ་སོ་སོའི་འབྲོག་པ་མང་ཚོགས200ལྷག་ཞུགས་ཤིང་། སྒྲོག་འགྲེལ་པ་དཔལ་ཆེན་རྡོ་རྗེ་ཡིས་སྲིད་ཇུས་ཀྱི་དགོངས་དོན་རེ་རེ་ཁ་གསལ་གོ་བདེ་བའི་གཏམ་དཔེ་དང་ལེགས་བཤད་ལ་སྦྱར་ནས་སྒྲོག་འགྲེལ་བྱས་སྟབས།མང་ཚོགས་ཀྱིས་ཉན་སྤྲོ་ཞིང་དོན་གོ་སླ་བ། བློ་རུ་ངེས་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན།སྒྲོག་འགྲེལ་ཚོགས་ཆེན་མཇུག་རྫོགས་རྗེས། འབྲོག་པ་མང་ཚོགས་སྐོར་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ། རང་རང་གི་དྲན་ཕྱོགས་ལྟར་དུ་མྱོང་ཚོར་ཟབ་མོར་བརྗོད་བྱུང་། འོད་ཟེར་ཡུལ་ཚོ་ཁམས་པ་སྡེ་བའི་རྩ་འཛུགས་ཨུ་ཡོན་དཀོན་མཆོག་བསྟན་འཛིན་གྱིས་བཤད། 

  འོད་ཟེར་ཡུལ་ཚོར་སྡེ་བ་གསུམ་དང་ཁྱིམ་ཚང་བདུན་བརྒྱ་གོ་ལྔ་ཡོད་ལ། མི་གྲངས་སྟོང་གཉིས་བདུན་བརྒྱ་ང་གཅིག་ཡོད་པ་དང་།དེའི་ནང་དུ་ཏང་ཡོན་བརྒྱ་དང་བཞི་ཡོད། ཐེངས་འདིའི་སྒྲོག་འགྲེལ་ཚོགས་ཆེན་འཕྲེད་བྱང6བཀལ་ཞིང་། སྒྲོག་བཤད་ཀྱི་ནང་དོན་གནད་བསྡུས་བྱས་པའི་དེབ་ཆུང400ལྷག་དང་ཏང་དར་ཆུང་ཆུང300ལྷག་མང་ཚོགས་ཀྱི་ཁྲོད་དུ་བཀྲམས་ཤིང་། ཚོགས་ཞུགས་པ་ཚོས་སྒྲོག་འགྲེལ་ལ་གསལ་བོར་ཉན་རྗེས། ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཕྱིར་སྡེ་བའི་ནང་དུ་སོང་ནས་ཁྱིམ་ཚང་རེ་རེར་སོང་ནས་སྒྲོག་འགྲེལ་བྱེད་དགོས་པའི་བསམ་ཚུལ་བསྟན། འོད་ཟེར་ཡུལ་ཚོ་གཡུ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་རྣམ་གྱིས་བཤད། 

  ཆོས་དར་ནི་འོད་ཟེར་ཡུལ་ཚོ་ཁམས་པ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་པ་རེད། ཁོས་ཐེངས་འདིའི་སྒྲོག་འགྲེལ་ལས་གོ་བ་ལོན་པ་ལྟར་ན། ཐོན་ལས་དར་སྤེལ་གྱི་ཕྱོགས་སུ་ཕན་པ་ཆེ་བའི་སྲིད་ཇུས་སྣ་ཚོགས་ཐོན་འདུག་པས།རང་ངོས་ནས་དགའ་ཚོར་ཆེན་པོ་བྱུང་ཡོད་ཟེར། ཁོས་མུ་མཐུད་དུ་བཤད། 

དེའི་འཕྲོར་བྲག་མཆོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསྟན་ཆོས་ཀྱིས་ཀྱང་སྒྲོག་འགྲེལ་ལ་ཉན་རྗེས་ཀྱི་མྱོང་ཚོར་གླེང་།

  ཟླ་གསལ་ནི་འོད་ཟེར་ཡུལ་ཚོ་ཁམས་པ་སྡེ་བའི་བུད་མེད་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རེད། ཁོ་མོ་མཐོ་འབྲིང་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་ལོག་ནས་ཕྱུགས་ལས་ཀྱི་ལས་ཀ་གཉེར་གྱིན་འདུགཐེངས་འདིའི་སྒྲོག་འགྲེལ་ལ་ཉན་རྗེས། ཁོ་མོས་འདི་ལྟ་བུའི་དྲན་ཚུལ་ཅིག་བརྗོད།

ཐེངས་འདིའི་སྒྲོག་འགྲེལ་ལས་མང་ཚོགས་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱིས་དམངས་ཕན་གྱི་སྲིད་ཇུས་བཟང་པོ་གང་དག་དངོས་འབེབ་བྱེད་རྒྱུ་ཡིན་པ་ཤེས་རྟོགས་བྱུང་སོང་ལ། ལྷག་པར་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དེ་མང་ཚོགས་རང་ངོས་ནས་ཇི་ལྟར་འབད་འཐབ་དང་བརྩོན་ལེན་བྱེད་དགོས་པ་རྟོགས་པས། ཚང་མས་ཕུ་ཐུང་ཡར་བརྫེ་ནས་མ་འོངས་པའི་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་དང་འབྱོར་འབྲིང་གི་འཚོ་བ་ཇེ་སྐྱིད་དུ་གཏོང་པའི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་བསྐྱོད་བྱེད་ཀྱིན་མཆིས།

 རྒྱ་ཆེའི་མང་ཚོགས་ཀྱིས་སེམས་རྣལ་དུ་ཕབ་ནས་སྒྲོག་འགྲེལ་ལ་ཉན་བཞིན་པའི་ཚུལ།

སྤོབས་པ་དང་ཡིད་ཆེས་ཀྱི་ཁེངས་བའི་སྒྲོག་འགྲེལ་པ་དཔལ་ཆེན་རྡོ་རྗེ་ཡིས་སྐད་གསང་མཐོན་པོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཚུལ།

 སྒྲོག་འགྲེལ་དེབ་ཆུང་གི་ཤོག་ལྷེ་རེ་རེའི་ངོས་སུ་དམངས་ཕན་སྲིད་ཇུས་ཀྱི་ཤེས་བྱ་རེ་རེ་ཡོད།

སྒྲོག་འགྲེལ་པ་དཔལ་ཆེན་རྡོ་རྗེ་ཡིས་གསར་འགོད་པས་བཅར་འདྲི་དང་ལེན་བྱས་ཏེ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལྷུག་པོར་བརྗོད་པའི་ཚུལ།

ཏང་དར་མཐོན་པོར་བསྒྲེང་སྟེ། སྙན་ཞུ་ཞིབ་ཀློག་བྱེད།  

   གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། 

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།